ཕུའུ་ཅིན་གྱིས་ལུའུ་ཁཱ་ཧྲིན་ཁིར་ཨུ་རུ་སི་དཀར་པོའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས། 
2020.08.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་ཉིན་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ལ་ཁ་པར་བཏང་སྟེ། ཁོ་ལ་ཚེས་དགུ་ཉིན་སྤེལ་བའི་ཨུ་རུ་སི་དཀར་པོའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས། 

ཕུའུ་ཅིན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཨུ་རུ་སི་དཀར་པོས་མུ་མཐུད་དུ་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མནའ་འབྲེལ་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ནང་གི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། ཕྱོགས་གཉིས་ཀྱི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་དང་སྒེར་ཚུགས་མཉམ་འབྲེལ་ཚོགས་པའི་སྒྲོམ་གཞིའི་ནང་གི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ནང་གི་ཆབ་སྲིད་དང་དམག་དོན་གྱི་འབྲེལ་བ་ཇེ་དྲག་ཏུ་གཏོང་དགོས་ལ། དེ་ནི་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱི་སྤུན་ཟླའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་ལ་འཚམ་པ་བསྙོན་མེད་རེད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།