འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གཉིས་དང་ས་ཡ་བརྒྱད་འབུམ་དགུ་ཁྲི་གཅིག་སྟོང་བརྒྱ་དང་དགུ་བརྒྱ་ལ་སླེབས་ཡོད།
2020.09.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་བཞི་ཉིན་བསྒྲགས་པའི་གཞི་གྲངས་གསར་ཤོས་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཉིས་དང་ས་ཡ་བརྒྱད་འབུམ་དགུ་ཁྲི་གཅིག་སྟོང་བརྒྱ་དང་དགུ་བརྒྱ་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ཉེར་བརྒྱད་བར། འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བ་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་ཁྲི་དྲུག་སྟོང་བདུན་ཉིས་བརྒྱ་དང་ང་བདུན་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པའི་ཁ་གྲངས་བྱེ་བ་གཉིས་དང་ས་ཡ་བརྒྱད་འབུམ་དགུ་ཁྲི་གཅིག་སྟོང་བརྒྱ་དང་དགུ་བརྒྱ་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྟོང་བཞི་དང་བདུན་བརྒྱ་དོན་གཅིག་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་དགུ་དང་ཁྲི་གཉིས་སྟོང་གཉིས་ཉིས་བརྒྱ་དང་ང་གཉིས་ལ་སླེབས།

ལོ་ཙཱ་བ། རིན་ཆེན་མཚོ།