འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཉིས་དང་ས་ཡ་དགུ་འབུམ་བཞི་ཁྲི་བཞི་སྟོང་བཞི་བརྒྱ་དང་གོ་བརྒྱད་ལ་བསླེབ་ཡོད། 
2020.09.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་དྲུག་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཉིས་དང་ས་ཡ་དགུ་འབུམ་བཞི་ཁྲི་བཞི་སྟོང་བཞི་བརྒྱ་དང་གོ་བརྒྱད་ལ་བསླེབ་ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་སོ་དྲུག་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་ཁྲི་ལྔ་སྟོང་གཉིས་དྲུག་བརྒྱ་བརྒྱད་ཅུ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གཉིས་དང་ས་ཡ་དགུ་འབུམ་བཞི་ཁྲི་བཞི་སྟོང་བཞི་བརྒྱ་དང་གོ་བརྒྱད་ལ་བསླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་བཞི་དང་ལྔ་བརྒྱ་ཉི་ཤུ་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་དགུ་དང་ཁྲི་གསུམ་སྟོང་གཅིག་སུམ་བརྒྱ་ཉེར་གཅིག་ལ་བསླེབ་ཡོད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།