འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཉིས་དང་ས་ཡ་དགུ་འབུམ་བདུན་ཁྲི་གསུམ་སྟོང་བདུན་བཞི་བརྒྱ་ལྔ་གསུམ་ལ་བསླེབ་ཡོད། 
2020.09.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གཉིས་དང་ས་ཡ་དགུ་འབུམ་བདུན་ཁྲི་གསུམ་སྟོང་བདུན་བཞི་བརྒྱ་ལྔ་གསུམ་ལ་བསླེབ་ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཟླ་དགུ་བའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་སོ་ལྔའི་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཉིས་དང་ཁྲི་དགུ་སྟོང་གཉིས་སུམ་བརྒྱ་དང་བདུན་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གཉིས་དང་ས་ཡ་དགུ་འབུམ་བདུན་ཁྲི་གསུམ་སྟོང་བདུན་བཞི་བརྒྱ་ལྔ་གསུམ་ལ་བསླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དྲུག་དང་ང་བདུན་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་དགུ་དང་ཁྲི་གསུམ་སྟོང་བདུན་སུམ་བརྒྱ་གོ་གཅིག་ལ་བསླེབ་ཡོད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།