ཨུ་རུ་སུའི་ཞི་པོ་ལི་ཡའི་དུག་གཅོད་སྨན་བཅོས་ཁང་ཞིག་ལ་མེ་སྐྱོན་ཤོར་ནས་མི་བཞི་རྐྱེན་ལམ་དུ་ཤོར།
2020.09.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཨུ་རུ་སུའི་ཞི་པོ་ལི་ཡ་ས་ཁུལ་གྱི་སྒེར་གྱི་དུག་གཅོད་སྨན་བཅོས་ཁང་ཞིག་ཏུ་ཚེས་བཅུ་བདུན་ཉིན་མེ་སྐྱོན་ཤོར་ནས་མི་བཞི་རྐྱེན་ལམ་དུ་ཤོར།

ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་ཁེ་ལ་སི་ནོ་ཡ་ཨར་སི་ཁུ་མཐའ་མཚམས་ཁུལ་སྤྱི་ཁྱབ་ཅུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་དོན། ཁི་ལ་སི་ནོ་ཡ་ཨར་སི་ཁུ་གྲོང་ཁྱེར་དུ་བྱུང་བའི་མེ་སྐྱོན་འདི་ནི་མིས་བཟོས་ དོན་རྐྱེན་ཡིན། ནང་ཁུལ་གྱི་ལྟ་སྐུལ་ཚོད་འཛིན་ལས་མངོན་པར་གཞིགས་ན། མི་གཅིག་གིས་ནད་ཁང་དུ་མེ་བརྒྱབ་ནས་མེ་སྐྱོན་མགྱོགས་མྱུར་ངང་མཆེད་དེ། མེ་སྐྱོན་ཁྲོད་མི་བཞི་རྐྱེན་ལམ་དུ་ཤོར་བར་མ་ཟད། རྨས་སྐྱོན་ཕོག་པའི་མི་གྲངས་ད་དུང་གཏན་འཁེལ་བྱས་མེད།

གསལ་བསྒྲགས་ནང་འཁོད་དོན། ཁྲིམས་འཛིན་སྡེ་ཁག་གིས་མེ་སྐྱོན་གྱི་ཉེས་དོན་ཐོ་འགོད་ལ་དམིགས་ནས་མེ་སྐྱོན་བཟོ་མཁན་གྱི་ཐོབ་ཐང་ལ་བརྟག་དཔྱད་བྱེད་བཞིན་ཡོད་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།