འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་གསུམ་ལས་བརྒལ།
2020.09.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་གསུམ་ལས་བརྒལ་ནས། བྱེ་བ་གསུམ་དང་ཁྲི་ལྔ་སྟོང་ལྔ་བདུན་བརྒྱ་བཅུར་བསླེབ་ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་གཅིག་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གསུམ་དང་ཁྲི་གཅིག་སྟོང་ལྔ་དགུ་བརྒྱ་བཅུ་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་བ་གསུམ་དང་ཁྲི་ལྔ་སྟོང་ལྔ་བདུན་བརྒྱ་བཅུར་བསླེབ་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དྲུག་དང་སོ་བདུན་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་དགུ་དང་ཁྲི་བཞི་སྟོང་གསུམ་བཞི་བརྒྱ་སོ་གསུམ་ལ་བསླེབ་ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་དང་རྒྱ་གར། པཱ་ཞི་བཅས་སུ་རིམ་རྩིས་ཀྱིས་ནད་པའི་ཁ་གྲངས་ཆེས་མང་བོ་ཡིན་ཞིང་། ཨ་མེ་རི་ཁར་རིམ་རྩིས་ཀྱིས་ནད་པ་ས་ཡ་དྲུག་དང་འབུམ་ལྔ་ཁྲི་བདུན་སྟོང་གཅིག་བརྒྱ་དང་བཅུ་དགུ་ཡོད་པ་དང་། རིམ་རྩིས་ཀྱིས་ནད་པ་འབུམ་གཅིག་དང་ཁྲི་དགུ་སྟོང་ལྔ་དྲུག་བརྒྱ་སོ་བརྒྱད་རྐྱེན་ལམ་དུ་ཤོར། རྒྱ་གར་དུ་རིམ་རྩིས་ཀྱིས་ནད་པ་ས་ཡ་ལྔ་དང་འབུམ་གཉིས་ཁྲི་གཅིག་སྟོང་བཞི་དྲུག་བརྒྱ་དོན་བདུན་ཡོད་པ་དང་། རིམ་རྩིས་ཀྱིས་ནད་པ་ཁྲི་བརྒྱད་དང་སྟོང་བཞི་སུམ་བརྒྱ་དོན་གཉིས་རྐྱེན་ལམ་དུ་ཤོར། པཱ་ཞི་ནས་རིམ་རྩིས་ཀྱིས་ནད་པ་ས་ཡ་བཞི་དང་འབུམ་བཞི་ཁྲི་གཅིག་སྟོང་དགུ་གྱ་གསུམ་ཡོད་པ་དང་། རིམ་རྩིས་ཀྱིས་ནད་པ་འབུམ་གཅིག་དང་ཁྲི་གསུམ་སྟོང་བཞི་བརྒྱ་དང་དྲུག་རྐྱེན་ལམ་དུ་ཤོར་ཡོད། 

རིམ་རྩིས་ཀྱི་ནད་པའི་ཁ་གྲངས་ཅུང་མང་བའི་རྒྱལ་ཁབ་ལ་ད་རུང་ཨུ་རུ་སི་དང་ཕེ་རུ། ཁོ་ལོམ་པུ་ཡཱ། མའོ་ཞི་ཁོ། ཨ་ཧྥེ་རི་ཁ་ལྷོ་མ། སི་ཕན། ཨ་ཀེན་ཐེན་བཅས་འདུས། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།