​འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་གསུམ་དང་འབུམ་གསུམ་ཁྲི་དྲུག་སྟོང་དགུ་བདུན་བརྒྱ་དོན་བརྒྱད་ལ་བསླེབས།
2020.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཚེས་བཅུ་དགུ་ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་གསུམ་དང་འབུམ་གསུམ་ཁྲི་དྲུག་སྟོང་དགུ་བདུན་བརྒྱ་དོན་བརྒྱད་ལ་བསླེབ་ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཟླ་དགུ་བའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ཉེར་བརྒྱད་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གསུམ་དང་ཁྲི་གཅིག་སྟོང་གཉིས་ཞེ་གསུམ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་བྱེ་གསུམ་དང་འབུམ་གསུམ་ཁྲི་དྲུག་སྟོང་དགུ་བདུན་བརྒྱ་དོན་བརྒྱད་ལ་བསླེབ་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་སུམ་བརྒྱ་དྲུག་ཅུ་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་དགུ་དང་ཁྲི་བཞི་སྟོང་བརྒྱད་བདུན་བརྒྱ་གོ་ལྔར་བསླེབ་ཡོད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།