པཱ་ཞིའི་ཤར་ལྷོའི་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར། 
2020.09.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

པཱ་ཞིའི་ཤར་ལྷོའི་ཕྱོགས་ཀྱི་མུས་ནཱ་སི་ཅི་ལཱ་སི་ཀྲིག་གི་མེ་གསོད་སྡེ་ཁག་གིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། ཀྲིག་དེར་ཉིན་དེའི་ཞོགས་པར་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག་ཟེར། 

མུས་ནཱ་སི་ཅི་ལཱ་སི་ཀྲིག་གི་མེ་གསོད་སྡེ་ཁག་གིས་བཤད་རྒྱུར། དོན་རྐྱེན་དེ་རྒྱལ་ལམ་གསུམ་དྲུག་ལྔའི་སྟེང་བྱུང་བ་དང་། འདས་པོའི་ཁྲོད་ཀྱི་མི་བཅུ་གཅིག་ནི་འགྲུལ་སྐྱེལ་རླངས་འཁོར་ཆུང་བའི་སྟེང་གི་འགྲུལ་བ་ཡིན་པ་དང་། མི་གཞན་གཅིག་ནི་དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་རེད། རྨས་མ་དག་གི་རྨས་སྐྱོན་ཚབས་ཆེན་ཡིན་པ་དང་། ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

གཞན་ཡང་པཱ་ཞི་རྒྱལ་ཕྲན་མཉམ་འབྲེལ་གྱི་གཞུང་ལམ་ཉེན་རྟོག་པས་བསྒྲགས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ལམ་དུ་འགྱེལ་འདུག་པའི་སྡོང་བོ་ཞིག་ལ་གཞོལ་རྩིས་བྱས་ཏེ་ཁ་གཏད་ཀྱི་དངོས་སྐྱེལ་རླངས་འཁོར་དང་ཐོ་བརྒྱབ་པ་ཡིན་ལ། དོན་རྐྱེན་དེའི་བྱེ་བྲག་གི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།