ཕུའུ་ཅིན་གྱིས་ཡ་མེ་ཉི་ཡའི་ཙུང་ལི་དང་ཡང་བསྐྱར་ཁ་པར་བཏང་ནས་ན་ཁཱ་ས་ཁུལ་གྱི་གནས་བབ་ཐད་ནས་གྲོས་སྡུར་བྱས།
2020.09.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་དགུ་ཉིན་ཡང་བསྐྱར་ཡ་མེ་ཉི་ཡའི་ཙུང་ལི་ཕཱ་ཞི་ཉི་དབྱང་དང་ཁ་པར་བཏང་སྟེ། ནཱ་ཀི་ཨེར་ནུའོ_ཁ་ལ་པ་ཧི་ས་ཁུལ་གྱི་གནས་བབ་ཐད་ནས་གྲོས་སྡུར་བྱས།

ཁི་ལེ་མུའུ་ལེན་ཕོ་བྲང་དྲ་ཚིགས་ཀྱིས་ཚེས་ཉེར་དགུ་ཉིན་བསྒྲགས་པའི་གསལ་སྒྲོག་ལྟར་ན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ན་ཁཱ་ས་ཁུལ་གྱི་འཁྲུག་རྩོད་ལ་གྲོས་སྡུར་བྱས། ཕུའུ་ཅིན་གྱིས་ས་ཁུལ་དེ་རུ་རྒྱུན་མཐུད་ངང་འབྱུང་བཞིན་པའི་འཁྲུག་རྩོད་ལ་སེམས་ཁུར་ཆེན་པོ་བྱས། ཁ་པར་ནང་འཁྲུག་རྩོད་བྱུང་བའི་ཕྱོགས་གཉིས་བར་གྱི་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་དགོས་པ་དང་། བྱེད་ཐབས་སྤྱད་དེ་གནས་བབ་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཚུལ་གླེང་། ཕུའུ་ཅིན་གྱིས་ཚེས་ཉེར་བདུན་ཉིན་ཕ་ཞི་ཉི་དབྱང་དང་ཁ་པར་བཏང་སྟེ། ན་ཁཱ་ས་ཁུལ་གྱི་གནས་བབ་ཐད་ནས་གྲོས་སྡུར་བྱས།

ཡ་མེ་ཉི་ཡ་དང་ཨ་སའེ་པད་ཅང་བར་ཚེས་ཉེར་བདུན་ཉིན་ན་ཁཱ་ས་ཁུལ་ནས་འཁྲུག་རྩོད་གསར་བ་བྱུང་བ་དང་། ཕྱོགས་གཉིས་ཀྱིས་ཕ་རོལ་བས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་སྔོན་དུ་དམག་དོན་འཇབ་རྒོལ་སྤེལ་བར་སྐྱོན་བརྗོད་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།