ཁྲའོ་ཞན་གྱིས་དམག་གཟིགས་མཛད་སྒོ་སྤེལ་ཏེ་ངལ་རྩོལ་ཏང་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས། 
2020.10.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 57

ཟླ་བཅུ་བའི་ཚེས་བཅུ་ཉིན། ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། དྲག་ཆས་དམག་དཔུང་གི་ཆེས་མཐོའི་དམག་སྤྱི་ཅིན་ཀྲིན་ཨིན་དམག་གཟིགས་མཛད་སྒོར་ཞུགས།

ཟླ་བཅུ་བའི་ཚེས་བཅུ་ཉིན། ཁྲའོ་ཞན་ངལ་རྩོལ་ཏང་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད། ཁྲའོ་ཞན་གྱིས་ཕེན་རང་གྲོང་ཁྱེར་ལྟེ་གནས་ཀྱི་ཅིན་རི་ཁྲིན་ཐང་ཆེན་ནས་དམག་གཟིགས་མཛད་སྒོ་སྤེལ།

ཁྲའོ་ཞན་ངལ་རྩོལ་ཏང་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད། ཁྲའོ་ཞན་གྱིས་ཚེས་བཅུ་ཉིན་ཕེན་རང་གྲོང་ཁྱེར་ལྟེ་གནས་ཀྱི་ཅིན་རི་ཁྲིན་ཐང་ཆེན་ནས་དམག་གཟིགས་མཛད་སྒོ་སྤེལ། ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། དྲག་ཆས་དམག་དཔུང་གི་ཆེས་མཐོའི་དམག་སྤྱི་ཅིན་ཀྲིན་ཨིན་དམག་གཟིགས་མཛད་སྒོར་ཞུགས་ཏེ་གཏམ་བཤད་སྤེལ། 

ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། ད་ལོའི་ལོ་མགོ་ནས་བཟུང་ཁྲའོ་ཞན་བློ་ཡུལ་ལས་འདས་པའི་འགྲན་རྩོད་ཆེན་པོར་འཕྲད་ཡོད། དུས་ཡུན་རིང་བོའི་བཀག་སྡོམ་ལས་བྱུང་བའི་ཐོན་ཁུངས་དཀོན་པའི་གནས་ཚུལ་འོག བྲེལ་མྱུར་གྱིས་རིམས་འགོག་བྱེད་དགོས་པར་མ་ཟད། རང་བྱུང་གནོད་འཚེ་ཁྱད་དུ་བསལ་ནས་ཁྱིམ་གཞིས་བསྐྱར་འཛུགས་བྱེད་དགོས། དཀའ་ཁག་ཆེ་བའི་སྐབས་སུ་ཁྲའོ་ཞན་མི་དམངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱིས་སྤྱད་པའི་བྱེད་ཐབས་ལ་རྒྱབ་སྐྱོར་དང་གོང་བཀུར་བྱས་ཏེ་དཀའ་ཁག་ལས་ཐར་བར་བྱས་ཡོད་ཟེར། 

ཅིན་ཀྲིན་ཨིན་གྱིས་བསྟན་དོན། མི་དམངས་ལ་སྲུང་སྐྱོབ་དང་གཅེས་སྐྱོང་བྱས་ཏེ། མི་དམངས་ལ་ཀུན་གྱིས་ཡིད་སྨོན་བྱེད་པའི་འཚོ་བ་རོལ་དུ་འཇུག་པ་ནི་ཏང་གི་འགན་འཁྲི་དང་པོ་དང་འགྱུར་མེད་ཀྱི་ཕུགས་བསམ་ཡིན། ཏང་གིས་མུ་མཐུད་དུ་མི་དམངས་ལ་ཕན་འདེགས་པར་ཤུགས་སྣོན་པ་དང་། མི་དམངས་ལ་ལྷག་ཏུ་ཕན་པའི་གཟིགས་སྐྱོང་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་བྱས་ཏེ། སྔ་མོ་ནས་བསྐྱར་དར་དང་དར་རྒྱས་ཀྱི་མོས་འདུན་དང་འཚམ་པའི་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས་ཟེར། 

ཅིན་ཀྲིན་ཨིན་གྱིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། དགྲར་འཛིན་སྟོབས་ཤུགས་ཀྱི་ཉིང་རྡུལ་ནུས་པའི་འཇིགས་ཉེན་སོགས་ཉེན་ཁའི་གཡོ་ཇུས་གཏན་འགོག་བྱེད་ཆེད། མུ་མཐུད་དུ་ལུགས་མཐུན་གྱི་རང་སྲུང་བྱེད་ཐབས་སུ་བྱས་པའི་འཐབ་འཁྲུག་གི་བཀག་འགོག་ནུས་པ་ཇེ་དྲག་ཏུ་གཏོང་དགོས། སང་ལོའི་ཟླ་དང་པོར་སྤེལ་བར་གཏན་འཁེལ་བྱས་པའི་ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་ནས་དེའི་ལས་འགན་ཡོངས་འགྲུབ་བྱེད་པའི་འཐབ་ཇུས་དང་བྱེ་བྲག་གི་དམིགས་འབེན་འདོན་རྒྱུ་ཡིན་ཟེར། 

ཅིན་ཀྲིན་ཨིན་གྱིས་གཏམ་བཤད་སྤེལ་རྗེས། རྒྱལ་དར་བསྒྲེངས་པའི་མཛད་སྒོ་དང་དམག་གཟིགས་མཛད་སྒོ་སྤེལ། ཐན་ཁི་འཁོར་ལོ་དང་མེ་ཤུགས་འཕུར་མདའ། གླིང་ཆེན་བར་གྱི་མེ་ཤུགས་འཕུར་མདའ། དེ་མིན་རིམ་པ་སོ་སོའི་དམག་དོན་སློབ་གྲྭ་བཅས་ཀྱི་རུ་དཔུང་གིས་དམག་གཟིགས་དང་ལེན་བྱས། 

ལོ་ཙཱ་བ། བསོད་ནམས་ཚེ་རིང་།