འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གསུམ་དང་ས་ཡ་དགུ་ཁྲི་གཉིས་སྟོང་གསུམ་ཉིས་བརྒྱ་དང་གོ་གཉིས་ལ་སླེབས།
2020.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པའི་གཞི་གྲངས་ཆེས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་གསུམ་དང་ས་ཡ་དགུ་ཁྲི་གཉིས་སྟོང་གསུམ་ཉིས་བརྒྱ་དང་གོ་གཉིས་ལ་སླེབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱིས་བསྒྲགས་པའི་གཞི་གྲངས་ཆེས་གསར་བ་ལས་མངོན་པར་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་ཚེས་བཅུ་བདུན་ཉིན་གྱི་དུས་ཚོད་བཅུ་དང་སྐར་མ་སོ་གསུམ་བར་དུ། འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་འབུམ་གསུམ་དང་ཁྲི་དགུ་སྟོང་གཉིས་བརྒྱ་དང་ང་གཅིག་ཇེ་མང་དུ་སོང་ནས། བསྡོམས་པས་བྱེ་བ་གསུམ་དང་ས་ཡ་དགུ་ཁྲི་གཉིས་སྟོང་གསུམ་ཉིས་བརྒྱ་དང་གོ་གཉིས་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་སྟོང་དྲུག་དང་ཉེར་གཅིག་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་གཅིག་དང་ཁྲི་དགུ་སྟོང་དགུ་ལྔ་བརྒྱ་དང་གྱ་དྲུག་ལ་སླེབས།

                                                                                                                          ལོ་ཙཱ་བ། རིན་ཆེན་མཚོ།