འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་བཞི་དང་ས་ཡ་གཉིས་ཁྲི་ལྔ་སྟོང་ལྔ་བརྒྱད་བརྒྱ་རེ་གསུམ་ལ་སླེབས།
2020.10.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་བཞི་ཉིན་བསྒྲགས་པའི་གཞི་གྲངས་ཆེས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་བཞི་དང་ས་ཡ་གཉིས་ཁྲི་ལྔ་སྟོང་ལྔ་བརྒྱད་བརྒྱ་རེ་གསུམ་ལ་སླེབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱི་གཞི་གྲངས་ཆེར་གསར་བ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་གཉིས་བར་དུ། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་འབུམ་བཞི་དང་ཁྲི་དྲུག་སྟོང་ལྔ་སུམ་བརྒྱ་ཉེར་གཉིས་ཇེ་མང་དུ་སོང་ནས། བསྡོམས་པས་བྱེ་བ་བཞི་དང་ས་ཡ་གཉིས་ཁྲི་ལྔ་སྟོང་ལྔ་བརྒྱད་བརྒྱ་རེ་གསུམ་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་སྟོང་དྲུག་དང་ལྔ་བརྒྱ་དོན་གཉིས་ཇེ་མང་དུ་སོང་བ་དང་། བསྡོམས་པས་ས་ཡ་གཅིག་དང་འབུམ་གཅིག་ཁྲི་བཞི་སྟོང་གཅིག་ལྔ་བརྒྱ་རེ་བདུན་ལ་སླེབས།

                                                                                                                     ལོ་ཙཱ་བ། རིན་ཆེན་མཚོ།