ཨ་ཧྥུའུ་ཧན་གྱི་རྒྱལ་སར་རང་སྲོག་རང་གཅོད་རྣམ་པ་ཡི་འབར་མདེལ་གྱིས་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།
2020.10.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཚེས་ཉེར་གཉིས་ཉིན། ཨ་ཧྥུའུ་ཧན་ཉེན་རྟོག་ཕྱོགས་ཀྱིས་ར་སྤྲོད་བྱས་དོན། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁ་པུའུ་ཨར་གྱི་སློབ་གསོའི་ལྟེ་གནས་ཤིག་ཏུ། ཉིན་དེའི་ཕྱི་དྲོ་རང་སྲོག་རང་གཅོད་རྣམ་པ་ཡི་འབར་མདེལ་འཇབ་རྒོལ་དོན་རྐྱེན་བྱུང་ནས། འཇབ་རྒོལ་བ་རང་ཉིད་ཚུད་པའི་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བར་མ་ཟད།  མི་ཉི་ཤུ་ལ་རྨས་སྐྱོན་བཟོས།

ཁ་པུའུ་ཨར་གྲོང་ཁྱེར་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་ཧྥེ་ཨར་ཏའོ་སི·ཧྥ་ལ་མཱ་ཙེ་ཡིས་གསར་ལམ་ནས་བཤད་རྒྱུར།  ས་གནས་དེ་གའི་དུས་ཚོད་བཅུ་དྲུག་དང་སྐར་མ་སུམ་ཅུ་ཡས་མས་སུ། རང་སྲོག་རང་གཅོད་རྣམ་པ་ཡི་འཇབ་རྒོལ་བ་ཞིག་གིས་ཁ་པུའུ་ཨར་ནུབ་རྒྱུད་ཀྱི་ཁོར་སར་ཏ་ཉི་ཧྲེ་ས་ཁུལ་གྱི་སྒེར་གཉེར་སློབ་གསོའི་ལྟེ་གནས་ཤིག་གི་ཕྱི་རོལ་དུ། བདེ་སྲུང་བས་འཇིགས་སྐུལ་བ་བཀག་འགོག་བྱེད་སྐབས། འཇབ་རྒོལ་བའི་ལུས་སྟེང་གི་འབར་མདེལ་དེ་མ་ཐག་བཀད་པ་རེད་ཟེར

མིག་སྔར་རྩ་འཛུགས་དང་མི་སྒེར་གང་ཞིག་གིས་ཀྱང་འཇབ་རྒོལ་དོན་རྐྱེན་འདི་བཟོས་པ་ཁྱབ་བསྒྲགས་བྱས་མེད།

ལོ་ཙཱ་བ། བན་དེ་སྐྱབས།