ཁ་མའེ་ལུང་གི་སློབ་གྲྭ་ཞིག་ལ་དྲག་ཆས་མི་སྣས་འཇབ་རྒོལ་ཐེབས་ནས་སློབ་མ་དྲུག་རྐྱེན་ལམ་དུ་ཤོར།
2020.10.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཚེས་ཉེར་བཞི་ཉིན། ཁ་མའེ་ལུང་ནུབ་ལྷོ་ས་ཁུལ་མེ་མེ་ཞིང་ཆེན་གྱི་སློབ་གྲྭ་ཞིག་ཏུ་དྲག་ཆས་མི་སྣས་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་སློབ་མ་དྲུག་རྐྱེན་ལམ་དུ་ཤོར།

མེ་མེ་ཞིང་ཆེན་གྱི་ཧྲིན་ཀྲང་ཆན་པོ་ལེན.ཨིན་ཏུང་གིས་ཚེས་ཉེར་བཞི་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རྒྱལ་ཁབ་དེའི་དབྱིན་སྐད་ཁུལ་གྱི་ཁ་གྱེས་རིང་ལུགས་དྲག་ཆས་མི་སྣ་ཉིན་དེར་ཞིང་ཆེན་དུ་ཡོད་པའི་ཁུན་པའི་སློབ་གྲྭ་ཞིག་ཏུ་སོང་ནས། སློབ་ཁང་ནང་གི་སློབ་མར་མེ་མདའི་བརྒྱབ་སྟེ། སློབ་མ་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་སློབ་མ་འགར་རྨས་ཕོག་ཟེར།

ཁ་མའེ་ལུང་གི་འབྲིང་རིམ་སློབ་གསོ་པུའུ་ཡི་མེ་མེ་ཞིང་ཆེན་དུ་སྡོད་པའི་འཐུས་ཚབ་མི་སྣས་ས་དེའི་སྨྱན་བྱད་ལ་བཤད་རྒྱུར། རྨས་མ་དག་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱེལ་བ་དང་། དེའི་ཁྲོད་སློབ་མ་གཉིས་བཅོས་ཐབས་མེད་པར་རྐྱེན་ལམ་དུ་ཤོར། རྐྱེན་ལམ་དུ་ཤོར་བའི་སློབ་མ་དྲུག་པོའི་ལོ་ཚོད་ལོ་དགུ་ནས་ལོ་བཅུ་བཞི་བར་རེད་ཟེར།

འཇབ་རྒོལ་བྱུང་བའི་སློབ་གྲྭའི་ཉེ་འགྲམ་གྱི་སྡོད་དམངས་ཀྱིས་བཤད་རྒྱུར། འཇབ་རྒོལ་རྗེས་སུ། དྲག་ཆས་མི་སྣ་སློབ་གྲྭ་ནས་ཕྱིར་བྲོས་སོང་བ་དང་། མིག་སྔར། ཁ་མའེ་ལུང་བདེ་འཇགས་དམག་དཔུང་གིས་འཛིན་བཟུང་འགུལ་སྐྱོད་སྤེལ་ཟེར།

                                                                                                                               ལོ་ཙཱ་བ། རིན་ཆེན་མཚོ།