ནེ་ཀྲི་རི་ཡཱའི་དམག་དཔུང་གིས་ཉུང་མཐར་ཡང་དྲག་ཆས་ཉེས་ཅན་བཅུ་དྲུག་བསད། 
2020.10.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ནེ་ཀྲི་རི་ཡཱའི་དམག་དཔུང་གིས་ཉེ་སྔོན་རྒྱལ་ཁབ་དེའི་བྱང་ཤར་ཕྱོགས་ཀྱི་པའོ་ཨར་ནོའུ་ཀྲིག་ནས་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་བ་དང་། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་བཅུ་དྲུག་བསད་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ནེ་ཀྲི་རི་ཡཱའི་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་པའོ་ཨར་ནོའུ་ཀྲིག་ནས་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ། ཚེས་ཉེར་གཅིག་ཉིན་ནེ་ཀྲི་རི་ཡཱའི་དམག་དཔུང་གིས་རླངས་འཁོར་རུ་ཁག་ཅིག་ཀྲ་ཏི་མཚོ་མོའི་ཉེ་འདབས་ཀྱི་གྲོང་རྡལ་ཆུང་བ་ཞིག་ཏུ་བགྲོད་བཞིན་པ་ཤེས་ནས། མྱུར་མོར་དཔུང་འཇུག་བྱས་ཏེ་དྲག་ཆས་ཉེས་ཅན་གསུམ་བསད། དེའི་རྗེས་སུ་ནེ་ཀྲི་རི་ཡཱའི་དམག་དཔུང་གིས་ཀྲིག་དེའི་ས་ཁུལ་མི་འདྲ་བ་ནས་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱས་ཏེ། དྲག་ཆས་ཉེས་ཅན་བཅུ་གསུམ་བསད་པ་དང་། དྲག་ཆས་ཉེས་ཅན་མང་བོར་རྨས་ཕོག་རྗེས་བྲོས་བྱོལ་བྱས་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།