འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་བཞི་དང་ས་ཡ་གསུམ་འབུམ་གསུམ་ཁྲི་བཞི་སྟོང་གཅིག་བཞི་བརྒྱ་ང་གཅིག་ལ་སླེབས་ཡོད།
2020.10.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་བདུན་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ཆེས་གསར་པ་ལྟར་ན།   འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་བཞི་དང་ས་ཡ་གསུམ་འབུམ་གསུམ་ཁྲི་བཞི་སྟོང་གཅིག་བཞི་བརྒྱ་ང་གཅིག་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དྲ་ཚིགས་སྟེང་བཀོད་པའི་གཞི་གྲངས་གསར་པ་ལྟར་ན།   ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་དང་སྐར་མ་བཅུ་གཅིག་བར་དུ་འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་འབུམ་གསུམ་དང་ཁྲི་ལྔ་སྟོང་བདུན་བདུན་བརྒྱ་དང་བཞི་ཇེ་མང་དུ་སོང་ནས་བསྡོམས་པས་བྱེ་བ་བཞི་དང་ས་ཡ་གསུམ་འབུམ་གསུམ་ཁྲི་བཞི་སྟོང་གཅིག་བཞི་བརྒྱ་ང་གཅིག་ལ་སླེབས་ཡོད།  རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་བཞི་དང་དྲུག་བརྒྱ་ཉེར་བཞི་ཇེ་མང་དུ་སོང་ནས་བསྡོམས་པས་ས་ཡ་གཅིག་འབུམ་གཅིག་ཁྲི་ལྔ་སྟོང་བདུན་ལྔ་བརྒྱ་དང་དགུ་ལ་སླེབས་ཡོད།

                                                                                                                 ལོ་ཙཱ་བ་ལྷ་མོ་ཚེ་རིང་།