ཨུ་རུ་སི་དང་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་བརྒྱུད་དེ་ནཱ་ཁཱ་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 
2020.10.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 83

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་བརྒྱད་ཉིན་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ལེ་ཏི་ལི་ཨང་ལ་ཁ་པར་བཏང་སྟེ། ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ནཱ་ཁཱ་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་ཞིབ་ཏུ་བྱས་པ་དང་། མུ་མཐུད་དུ་སྤེལ་བཞིན་པའི་གཞི་རྒྱ་ཆེ་བའི་འཁྲུག་རྩོད་བྱ་འགུལ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། འཁྲུག་རྩོད་ཕྱོགས་ཁག་སོ་སོས་སྔ་མོ་ནས་འཁྲུག་རྩོད་མཚམས་བཞག་སྟེ་རིམ་བཞིན་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་། ཕྱོགས་གཉིས་ཀྱིས་ནན་གྱིས་བསྟན་དོན། ནཱ་ཁཱ་ས་ཁུལ་གྱི་འཁྲུག་རྩོད་དེ་ཕྱི་འབྲེལ་གྱི་ཐབས་ཁོ་ནར་བརྟེན་ནས་ཐག་གཅོད་བྱེད་དགོས་ལ། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མེན་སི་ཁིའི་ཚན་ཆུང་གི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཐུན་སྦྱོར་བྱེད་པའི་དགོས་པ་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ད་རུང་ས་ཁུལ་དེའི་གནས་བབ་ཀྱི་འཕེལ་ཕྱོགས་ལ་གྲོས་བསྡུར་བྱས་པར་མ་ཟད། འཁྲུག་རྩོད་ཕྱོགས་ཁག་སོ་སོས་དགྲར་འཛིན་བྱ་སྤྱོད་མཇུག་སྒྲིལ་བའི་ཆབ་སྲིད་རེ་འདུན་སྟོན་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། དེ་ལས་གཞན་ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཀྱི་གནད་དོན་གལ་ཆེན་ལའང་གྲོས་བསྡུར་བྱས། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།