འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་བཞི་དང་ས་ཡ་གསུམ་འབུམ་བདུན་ཁྲི་དྲུག་སྟོང་དྲུག་བདུན་བརྒྱ་བཅུ་གཉིས་ལ་སླེབས་ཡོད། 
2020.10.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་བརྒྱད་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་བཞི་དང་ས་ཡ་གསུམ་འབུམ་བདུན་ཁྲི་དྲུག་སྟོང་དྲུག་བདུན་བརྒྱ་བཅུ་གཉིས་ལ་སླེབས་ཡོད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ང་བརྒྱད་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ནས་འབུམ་བཞི་དང་སྟོང་བཞི་བརྒྱ་དང་ང་དགུ་ཇེ་མང་དུ་སོང་སྟེ། བསྡོམས་པས་ནད་པ་བྱེ་བ་བཞི་དང་ས་ཡ་གསུམ་འབུམ་བདུན་ཁྲི་དྲུག་སྟོང་དྲུག་བདུན་བརྒྱ་བཅུ་གཉིས་ལ་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་བདུན་བརྒྱ་བརྒྱད་ཅུ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དྲུག་སྟོང་གསུམ་བཞི་བརྒྱ་ང་དགུ་རྐྱེན་ལམ་དུ་ཤོར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།