འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་བཞི་དང་ས་ཡ་བཞི་སྟོང་གཉིས་དང་གསུམ་ལ་སླེབས་ཡོད།
2020.10.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 81

ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་བཞི་དང་ས་ཡ་བཞི་སྟོང་གཉིས་དང་གསུམ་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཅུ་བདུན་དང་སྐར་མ་བཅོ་ལྔའི་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ནས་འབུམ་བཞི་དང་ཁྲི་བཞི་སྟོང་གཅིག་དང་ལྔ་བརྒྱ་རེ་བཞི་ཇེ་མང་དུ་སོང་སྟེ། བསྡོམས་པས་ནད་པ་བྱེ་བ་བཞི་དང་ས་ཡ་བཞི་སྟོང་གཉིས་དང་གསུམ་ལ་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་བདུན་དང་ཉིས་བརྒྱ་དང་བརྒྱད་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དྲུག་སྟོང་བདུན་དང་དགུ་བརྒྱ་གྱ་བརྒྱད་རྐྱེན་ལམ་དུ་ཤོར།

ལོ་ཙྭ་བ། བཀྲ་ཤིས་འབུམ།