དབྱི་སི་རལ་མཁའ་འགྲུལ་ཀུང་ཟི་ཡིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་དུས་བཅད་ལྟར་འགྲུལ་སྐྱེལ་གནམ་གྲུ་གཏོང་རྒྱུ་ཁྱབ་སྒྲོག་བྱས། 
2020.11.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 68

དབྱི་སི་རལ་མཁའ་འགྲུལ་ཀུང་ཟི་ཡིས་ཚེས་ཉེར་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་ནས་བཟུང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་དུས་བཅད་ལྟར་འགྲུལ་སྐྱེལ་གནམ་གྲུ་གཏོང་རྒྱུ་ཡིན་ཟེར། 

དབྱི་སི་རལ་མཁའ་འགྲུལ་ཀུང་ཟི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་ནས་བཟུང་དབྱི་སི་རལ་ཐི་ལཱ་ཝེ་ཧྥུའུ་པིན་དང་ཀུའུ་ལི་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་རྒྱལ་སྤྱིའི་གནམ་གྲུ་ཐང་བར་འགྲུལ་སྐྱེལ་གནམ་གྲུ་ཐད་ཀར་གཏོང་རྒྱུ་ཡིན་ཞིང་། དེའི་ནང་གཟའ་འཁོར་རེའི་གཟའ་ཉི་མ་དང་གཟའ་ཕུར་བུ་གཉིས་ལ་སོ་སོར་གནམ་གྲུ་གཏོང་ཐེངས་གསུམ་རེ་དང་། གཟའ་འཁོར་རེའི་གཟའ་ཟླ་བ་དང་མིག་དམར། ལྷག་པ། པ་སངས་བཅས་ལ་སོ་སོར་གནམ་གྲུ་གཏོང་ཐེངས་གཉིས་རེ་བཀོད་སྒྲིག་བྱས་ཡོད་ལ། དེར་པའོ་ཡུན737-900རྟགས་ཅན་དང787རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་བཀོད་སྒྲིག་བྱས་ཡོད་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།