པ་ཞི་རྒྱལ་ཁབ་ཏུ་འདས་པའི་ཆུ་ཚོད་ཉེར་བཞིའི་ནང་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཁྲི་གསུམ་དང་སྟོང་གཅིག་དང་བརྒྱ་འཕར་སྣོན་བྱུང་།
2020.11.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

པ་ཞི་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་བཞི་ཉིན་གྱི་ཆུ་ཚོད་བཅོ་བརྒྱད་དང་སྐར་མ་སུམ་ཅུའི་སྟེང་ཁྱབ་སྒྲོག་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན།  འདས་པའི་ཆུ་ཚོད་ཉེར་བཞིའི་ནང་པ་ཞི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཁྲི་གསུམ་དང་སྟོང་གཅིག་དང་བརྒྱ་འཕར་སྣོན་བྱུང་ཞིང་། བསྡོམས་པས་ནད་པ་ས་ཡ་དྲུག་དང་འབུམ་གཅིག་ཁྲི་གཅིག་སྟོང་བརྒྱད་དང་བདུན་བརྒྱ་དང་བརྒྱད་ལ་སླེབས།  རྐྱེན་ལམ་དུ་ཤོར་བའི་ནད་པ་དྲུག་བརྒྱ་དང་སུམ་ཅུ་འཕར་སྣོན་བྱུང་ཞིང་། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་གཅིག་དང་ཁྲི་བདུན་བརྒྱ་དང་བཅོ་ལྔ་ལ་སླེབས་པ་དང་། བསྡོམས་པས་ནད་པ་ས་ཡ་ལྔ་དང་འབུམ་བཞི་ཁྲི་བདུན་སྟོང་དྲུག་དང་བཅོ་བརྒྱད་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་བུད།

པ་ཞི་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་བཞི་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཧྲིན་པའོ་ལོ་ཀྲིག་ནི་རིམས་ནད་བྱུང་བ་ཧ་ཅང་ཚབས་ཆེ་བའི་ཀྲིག་ཡིན་ལ།  བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ས་ཡ་གཅིག་དང་འབུམ་གཉིས་ལྷག་ལས་བརྒལ་བ་དང་། བསྡོམས་པས་ནད་པ་ཁྲི་བཞི་ལྷག་རྐྱེན་ལམ་དུ་ཤོར།  མུས་ན་སི་ཅི་ལཱ་སི་དང་པ་དབྱི་ཡ། ལིས་ཡའོ་རེ་ནེ་ལུའུ་སོགས་ཀྲིག་ཏུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཆ་སྙོམས་སྒོས་འབུམ་གསུམ་ལྷག་ལས་བརྒལ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་བཞི་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་པ་ཞི་རྒྱལ་ཁང་ཏུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པའི་གྲངས་ཀ་དེ་འཛམ་གླིང་གི་ཨང་གསུམ་པ་ཡིན་ལ། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པའི་གྲངས་ཀ་དེ་འཛམ་གླིང་གི་ཨང་གཉིས་པ་རེད།

ལོ་ཙཱ་བ། བཀྲ་ཤིས་འབུམ།