ཁ་པོ་ལོས་ཡང་བསྐྱར་པུའུ་ཅི་ན་ཧྥ་སོ་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས།
2020.11.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

བཱ་ཅ་ཏུའུ་ཀུའུ་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་པུའུ་ཅི་ན་ཧྥ་སོ་ཡིས་ཚེས་ཉེར་དྲུག་ཉིན་ཁྱབ་སྒྲོག་བྱས་པའི་ཙུང་ཐུང་གདམ་པའི་འདེམ་ཤོག་གི་མཇུག་འབྲས་ལས་མངོན་པ་ལྟར་ན། བརྩོན་ལེན་ཡར་ཐོན་མི་དམངས་ལས་འགུལ་གྱི་འདེམ་སྒུག་པ། ད་ལྟ་ཙུང་ཐུང་གི་འགན་འཁུར་བའི་ཁ་པོ་ལོས་ཀྱིས་ཙུང་ཐུང་འདེམ་བསྐོའི་ཁྲོད་དུ་ཀུན་ལས་རྣམ་པར་རྒྱལ།

པུའུ་ཅི་ན་ཧྥ་སོ་རྒྱལ་ཡོངས་རང་བཙན་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་མཐའ་མའི་བསྡོམས་རྩིས་མཇུག་འབྲས་ལྟར་ན། ཁ་པོ་ལོས་ལ་འདེམས་ཤོག་ཐོབ་ཚད་བརྒྱ་ཆའི་ང་བདུན་དང་གྲངས་ཆུང་བརྒྱད་བདུན་ཡིན་པ་དང་། ཁོའི་འགྲན་ཡ་གཙོ་བོ་བརྩོན་ལེན་དམངས་གཙོ་དང་ཡར་ཐོན་ཚོགས་ཆེན་འདེམ་སྒུག་པ་ཨའེ་ཏི·ཁུང་པོ་དབྱི་ཀི་དང་དེ་མིན་ཡར་ཐོན་དང་སྒྱུར་བཅོས་མནའ་འབྲེལ་གྱི་འདེམ་སྒུག་པ་ཙེ་ཧྥེ་ལན·ཏི་ཡ་པུའུ་ལོས་གཉིས་ལ་སོ་སོར་འདེམས་ཤོག་གི་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་བཞི་བརྒྱད་དང་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་བཞི་དྲུག་ཐོབ།

པུའུ་ཅི་ན་ཧྥ་སོ་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་མཇུག་མཐའི་སྡོམ་རྩིས་མཇུག་འབྲས་ལ་ ཁས་ལེན་བྱེད་པར་མ་ཟད། དུས་ཚོད་ངེས་ཅན་ཞིག་ལ་ཁས་ལེན་བྱས་པའི་མཇུག་འབྲས་ཁྱབ་སྒྲོག་བྱེད་རྒྱུ་རེད།

 པུའུ་ཅི་ན་ཧྥ་སོ་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་འཁུར་ཡུན་ལོ་ལྔ་ཡིན་པ་དང་། བསྟུད་མར་ཐེངས་གཅིག་ལ་ཙུང་ཐུང་གི་འགན་འཁུར་ཆོག

ལོ་ཙཱ་བ། བཀྲ་ཤིས་འབུམ།