འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་དྲུག་ཉིན་བསྒྲགས་པའི་གཞི་གྲངས་ཆེས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་དྲུག་ལས་བརྒལ་ནས། བསྡོམས་པས་བྱེ་བ་དྲུག་ཁྲི་བདུན་སྟོང་བཞི་བརྒྱ་དང་དོན་བཞི་ལ་སླེབས།
གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་སོ་བརྒྱད་བར་དུ། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་འབུམ་ལྔ་དང་ཁྲི་བདུན་སྟོང་བདུན་བརྒྱ་དང་གོ་བརྒྱད་ཇེ་མང་དུ་སོང་ནས། བསྡོམས་པས་བྱེ་བ་དྲུག་དང་ཁྲི་བདུན་སྟོང་བཞི་བརྒྱ་དང་དོན་བཞི་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་དང་བསྡུར་ན་ཁྲི་གཅིག་དང་སྟོང་གཅིག་ཉིས་བརྒྱ་རེ་གསུམ་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཅིག་དང་འབུམ་བཞི་ཁྲི་གཅིག་སྟོང་དྲུག་ཉིས་བརྒྱ་དང་གོ་གཉིས་ལ་སླེབས།
ཨ་མེ་རི་ཀ་དང་རྒྱ་གར། པ་ཞི་གསུམ་གྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སོ་སོར་འཛམ་གླིང་ཡོངས་ཀྱི་ཨང་དང་པོ་དང་ཨང་གཉིས་པ། ཨང་གསུམ་པར་སླེབས་ཡོད་པ་དང་། ཨ་མེ་རི་ཀའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཁ་གྲངས་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་བཞི་ཁྲི་བཞི་སྟོང་གཅིག་དགུ་བརྒྱ་དང་ཉེར་ལྔར་སླེབས་ལ། རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་གཉིས་དང་ཁྲི་ལྔ་སྟོང་བདུན་བརྒྱད་བརྒྱ་དང་ཉེར་ལྔ་ལ་སླེབས་ཡོད། རྒྱ་གར་གྱི་ནད་པའི་ཁ་གྲངས་ས་ཡ་དགུ་འབུམ་གཉིས་ཁྲི་དྲུག་སྟོང་དྲུག་བདུན་བརྒྱ་དང་ལྔ་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་གསུམ་སྟོང་ལྔ་ཉིས་བརྒྱ་ཉེར་གསུམ་ལ་སླེབས་ཡོད། པ་ཞིའི་ནད་པའི་ཁ་གྲངས་ས་ཡ་དྲུག་དང་འབུམ་གཅིག་ཁྲི་གཅིག་སྟོང་བརྒྱད་བདུན་བརྒྱ་དང་བརྒྱད་ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་བདུན་བརྒྱ་དང་བཅོ་ལྔར་སླེབས་ཡོད།
པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཅུང་མང་པའི་རྒྱལ་ཁབ་ད་དུང་ཨུ་རུ་སི་དང་ཧྥ་རན་སི། སི་ཕེན། དབྱིན་ཇི། དབྱི་ཐ་ལི། ཨ་ཀིན་ཐིན། ཁོ་ལོམ་པི་ཡ། མོ་ཞི་ཁོ། འཇར་མན་སོགས་ཡོད།
འཛམ་གླིང་ཡོངས་ཀྱི་ཉིན་རེའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ཟླ་བཅུ་པའི་ཚུན་དུ་ཇེ་མང་དུ་སོང་བ་དང་། ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་ལྔ་ལས་བརྒལ་བ་དང་། ཉིན་བཅུ་བདུན་གྱི་ནང་བྱེ་བ་དྲུག་ལས་བརྒལ།