རྒྱ་གར་དང་ཕ་ཁི་སི་ཐན་གྱིས་ཁ་ཧྲི་སྨིར་དུ་དམག་འཁྲུག་བརྒྱབ་ནས་རྒྱ་གར་གྱི་དམག་མི་གསུམ་བསད།
2020.11.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

རྒྱ་གར་སྨྱན་སྦྱོར་གྱིས་ཚེས་ཉེར་བདུན་ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་དང་ཕ་ཁི་སི་ཐན་གྱི་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོ་དང་ཚེས་ཉེར་བདུན་ཉིན་ཁ་ཧྲི་སྨིར་གྱི་མཐའ་མཚམས་ནས་མེ་མདའ་རྒྱག་རེས་བྱས་པས་རྒྱ་གར་གྱི་དམག་མི་གསུམ་རྐྱེན་ལམ་དུ་བཏང་།

རྒྱ་གར་སྐམ་དམག་གི་མགྲིན་ཚབ་པས་བདེན་དཔང་བྱས་དོན། ཚེས་ཉེར་བདུན་ཉིན་རྒྱ་གར་དང་ཕ་ཁི་སི་ཐན་ཕྱོགས་གཉིས་པོའི་དམག་དཔུང་ཁ་ཧྲི་སྨིར་གྱི་ཉེ་འཁོར་ནས་མེ་མདའ་རྒྱག་རེས་བྱས་པས། རྒྱ་གར་ཕྱོགས་ཀྱི་དམག་མི་གཉིས་རྐྱེན་ལམ་དུ་བཏང་བ་དང་། ཚེས་ཉེར་དྲུག་ཉིན་གྱི་དགོང་མོ་ཕྱོགས་གཉིས་པོའི་དམག་དཔུང་གིས་མེ་མདའ་རྒྱག་རེས་བྱས་པས་རྒྱ་གར་གྱི་དམག་མི་གཅིག་རྐྱེན་ལམ་དུ་བཏང་ཟེར།

མིག་སྔར་ཕ་ཁི་སི་ཐན་ཕྱོགས་ཀྱིས་གནད་དོན་དེའི་ཐད་རྣམ་འགྱུར་ཅི་ཡང་བསྟན་མེད།

ལོ་ཙཱ་བ། བན་དེ་སྐྱབས།