རྒྱ་གར་གྱི་རྒྱལ་སའི་ཉེ་འཁོར་ནས་སྒོ་ཕྱུགས་ཀྱི་ཤ་དང་བྱ་ཤ་གསོག་ཉར་ཉོ་འཚོང་བྱེད་པ་གཏན་འགོག་བྱས།
2021.01.14 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 20

རྒྱ་གར་གྱི་རྒྱལ་ས་དྷི་ལེ་གསར་པའི་གྲོང་ཁྱེར་སྲིད་གཞུང་གིས་ཚེས་བཅུ་གསུམ་ཉིན་བསྒྲགས་དོན། ས་གནས་སོ་སོར་ཁྱབ་ཀྱིན་པའི་ཆམས་རིམས་ལ་དམིགས་ཏེ། ཟ་ཁང་དང་ཚོང་ཁང་ནང་ནས་སྒོ་ཕྱུགས་ཀྱི་ཤ་དང་ལས་སྣོན་བྱས་ཟིན་པའི་བྱ་ཤ་དང་དེ་འབྲེལ་གྱི་ཐོན་རྫས་གསོག་ཉར་དང་ཉོ་ཚོང་བྱེད་པ་གཏན་འགོག་བྱས་པ་ཡིན།

དྷི་ལེ་གསར་པའི་གྲོང་ཁྱེར་སྲིད་གཞུང་སྡེ་ཁག་གིས་བསྟན་དོན། གོང་གསལ་ཐག་གཅོད་དེའི་རིགས་ནི་སྤྱི་པའི་ཁེ་ཕན་ལ་གཞིགས་ཏེ་བཏོན་པ་ཞིག་ཡིན་ལ། གལ་ཏེ་ཟ་ཁང་སོགས་ཀྱིས་གོང་གསལ་ཐག་གཅོད་ལས་འགལ་ན་ཆད་པ་ནན་མོ་གཅོད་རྒྱུ་ཡིན་ཟེར།

                                                                                                                         ལོ་ཙཱ་བ། བན་དེ་སྐྱབས།