མུའུ་སེ་ཝེ་ནེ་ཡང་བསྐྱར་ཝུ་ཀན་ཏཱའི་ཙུང་ཐུང་ལ་བདམས་ཐོན་བྱུང་། 
2021.01.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཝུ་ཀན་ཏཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། ད་ལྟའི་ཙུང་ཐུང་མུའུ་སེ་ཝེ་ནེ་ལ་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་སྟེ་ཡང་བསྐྱར་བསྟུད་འགན་ཁུར་ཐུབ་པ་བྱུང་། 

ཝུ་ཀན་ཏཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། ཐེངས་འདིའི་འདེམ་བསྐོའི་ཁྲོད། མུའུ་སེ་ཝེ་ནེ་ལ་བརྒྱ་ཆའི་ང་བརྒྱད་དང་གྲངས་ཆུང་དྲུག་བཞིའི་འདེམ་ཤོག་ཐོབ་པ་དང་། དེའི་འགྲན་ཡ་གཙོ་བོ་ངོ་རྒོལ་ཏང་གི་ཙུང་ཐུང་འདེམ་སྒུག་མི་སྣ་སིན་ཐཱ་མུའུ་ལ་བརྒྱ་ཆའི་སོ་བཞི་དང་གྲངས་ཆུང་བརྒྱད་གསུམ་གྱི་འདེམ་ཤོག་ཐོབ་ཡོད་ཟེར། 

འདེམ་བསྐོའི་ཐོག་མའི་མཇུག་འབྲས་ཁྱབ་སྒྲོག་བྱས་རྗེས། ངོ་རྒོལ་ཏང་གི་འདེམ་སྒུག་པ་ཅི་ཡཱ་ཀུའུ་ལཱ་ནེ་ཡིས་འདེམ་བསྐོའི་མཇུག་འབྲས་ཁས་ལེན་མ་བྱས་པ་དང་། འདེམ་བསྐོའི་བྱ་འགུལ་དེར་དྲང་བདེན་མིན་པའི་སྣང་ཚུལ་ཡོད་པའི་ཚུལ་བསྟན། དམག་དཔུང་དང་ཉེན་རྟོག་པས་རྒྱལ་སའི་བདེ་འཇགས་བཀོད་སྒྲིག་ལ་ཤུགས་སྣོན་བྱས་ཏེ། འབྱུང་སྲིད་པའི་དྲག་ཤུགས་དོན་རྐྱེན་སྔོན་འགོག་བྱས་ཡོད། 

མུའུ་སེ་ཝེ་ནེ་བདམས་ཐོན་བྱུང་རྗེས་ཙུང་ཐུང་གི་འགན་ཡུན་ཐེངས་དྲུག་པ་མགོ་རྩོམ་རྒྱུ་རེད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།