མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གི་མགོ་བས་ཀྲུང་གོའི་དབུལ་སེལ་ཉམས་མྱོང་དཔྱད་གཞིར་འཛིན་པར་རིན་ཐང་ཡོད་པའི་ཚུལ་བསྟན།
2021.03.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཀྲུང་གོའི་དབུལ་སེལ་རིག་པ་ཞེས་པའི་རིག་མཛོད་སྙན་ཞུ་ཉེ་སྔོན་འཛམ་གླིང་ཡོངས་ལ་ཁྱབ་སྒྲོག་བྱས། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གི་མགོ་བ་ཧྲི་ཐེ་ནཱ་ཡིས་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོས་དབུལ་ཕོངས་སེལ་བ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་བྱས་ཡོད་པས། ཀྲུང་གོའི་དབུལ་སེལ་ཐད་ཀྱི་ཐབས་ལམ་གདམ་གསེས་དང་སྲིད་ཇུས་ལག་ལེན་ལ་ཞིབ་འཇུག་བྱས་ན་ཉམས་མྱོང་རྩ་ཆེན་ཐོབ་ཐུབ་ཟེར། 

ཧྲི་ཐེ་ནཱ་ཡིས་བཤད་རྒྱུར། ཀྲུང་གོས་ཇི་ལྟར་དབུལ་སེལ་བྱེད་པར་བསམ་བློ་གང་ལེགས་བཏང་ཡོད་ལ། དཔེར་ན་གྲངས་ལྡན་ལག་རྩལ་བེད་སྤྱད་ནས་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་ཡོད། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གིས་ནམ་རྒྱུན་ཀྲུང་གོའི་དབུལ་སེལ་ཉམས་མྱོང་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་མང་བོའི་བར་དབུལ་སེལ་ཐད་ནས་མཉམ་ལས་བྱེད་པར་བརྩོན་བཞིན་ཡོད་ཟེར། 

ཧྲི་ཐེ་ནཱ་ཡིས་བཤད་རྒྱུར། ཀྲུང་གོའི་དབུལ་སེལ་གྲུབ་འབྲས་ལས་མི་རྣམས་ལ་རེ་བ་དང་སྤོབས་པ་བསྩལ་ཡོད། གྲུབ་འབྲས་དེ་དག་ལས་སྲིད་གཞུང་གི་མགོ་ཁྲིད་ནུས་པ་དང་སྲིད་ཇུས་ཀྱི་ཇུས་འགོད་ནུས་པ། རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་པ་བཅས་དབུལ་སེལ་ལ་གལ་འགངས་ཧ་ཅང་ཆེ་བ་གསལ་བོར་བསྟན་ཡོད་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།