ནེ་པཱ་ལཱའི་སྲིད་གཞུང་གིས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་ཤིག་གི་བར་ཞི་བདེའི་གྲོས་མཐུན་བཀོད།
2021.03.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ནེ་པཱ་ལཱའི་སྲིད་གཞུང་གིས་ཚེས་ལྔ་ཉིན་ཁྲང་ཏི་ཡིས་མགོ་ཁྲིད་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་བར་དངོས་སུ་ཞི་བདེའི་གྲོས་མཐུན་བཀོད། 

ཕྱོགས་གཉིས་ཀྱིས་ཉིན་དེར་རྒྱལ་ས་ཀ་ཏི་མན་ཏུའུ་ཡི་གྲོང་སྲིད་ཚོམས་ཆེན་ནས་ཞི་བདེའི་གྲོས་མཐུན་བཀོད་པ་དང་། ནེ་པཱ་ལཱའི་ཙུང་ལི་ཨོ་ལེ་དང་ནང་སྲིད་པུའུ་ཀྲང་ཐཱ་ཕཱ་སོགས་སྲིད་གཞུང་གི་ཁོངས་མི་དང་ཁྲང་ཏི་མིང་འགོད་པའི་མཛད་སྒོར་ཞུགས། 

གྲོས་མཐུན་ལྟར་ན། ནེ་པཱ་ལཱའི་སྲིད་གཞུང་གིས་རྩ་འཛུགས་དེའི་བཀག་སྡོམ་བཀའ་རྒྱ་མེད་པར་བཏང་བ་དང་། རྩ་འཛུགས་དེའི་བཀག་འཇུག་མི་སྣ་བཙོན་གྲོལ་བཏང་བར་མ་ཟད། རྩ་འཛུགས་དེའི་མགོ་ཁྲིད་པ་དང་ཁོངས་མིའི་འབྲེལ་ཡོད་ཀྱི་སྐྱོན་འཛུགས་རྩིས་མེད་དུ་བཏང་ཡོད། ཁྲང་ཏི་ཡིས་མིང་འགོད་པའི་མཛད་སྒོའི་སྟེང་བསྟན་དོན། རྩ་འཛུགས་དེས་གྲོས་མཐུན་བརྩི་སྲུང་བྱས་ཏེ། ཞི་བའི་ཐབས་ཀྱིས་ཆབ་སྲིད་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར། 

ཉིས་སྟོང་བཅུ་དགུའི་ལོར། ནེ་པཱ་ལཱའི་སྲིད་གཞུང་གིས་ཁྲང་ཏི་ཡིས་མགོ་ཁྲིད་པའི་རྩ་འཛུགས་ཀྱིས་རྒྱལ་ཁབ་དེར་འགས་གཏོར་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པ་འཆར་འགོད་ལག་བསྟར་བྱས་པ་རྒྱུ་མཚན་དུ་བྱས་ཏེ། དེ་ནི་ཁྲིམས་འགལ་རྩ་འཛུགས་ཤིག་ཡིན་པ་ཁྱབ་སྒྲོག་བྱས་པར་མ་ཟད་རྩ་འཛུགས་དེས་ཡོངས་བསྒྲགས་བྱ་འགུལ་སྤེལ་བར་གཏན་འགོག་བྱས། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།