ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡཱ་ཡིས་བརྒྱུད་གཅིག་ལམ་གཅིག་ལས་གཞིའི་བདེ་འཇགས་འགན་སྲུང་རྐྱེན་སྲོལ་གྱི་བཟོད་སྒོམ་བརྗེད་ཐོ་བཀོད།
2021.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 44

ཨེ་ཙེ་ཨོ་ཕི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཨེ་ཙེ་ཨོ་ཕི་ཡཱ་རྒྱལ་ཕྲན་མཉམ་འབྲེལ་ཉེན་རྟོག་སྤྱི་ཁྱབ་ཁང་གིས་ཚེས་དྲུག་ཉིན་བརྒྱུད་གཅིག་ལམ་གཅིག་ལས་གཞིའི་བདེ་འཇགས་འགན་སྲུང་རྐྱེན་སྲོལ་གྱི་བཟོད་སྒོམ་བརྗེད་ཐོ་འགོད་པ་དང་བདེ་འཇགས་ཞིབ་བཤེར་སྒྲིག་ཆས་ཀྱི་བརྒྱུད་སྤྲོད་མཛད་སྒོ་སྤེལ། 

ཨེ་ཙེ་ཨོ་ཕི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲའོ་ཀྲི་ཡོན་དང་ཨེ་ཙེ་ཨོ་ཕི་ཡཱ་རྒྱལ་ཕྲན་མཉམ་འབྲེལ་ཉེན་རྟོག་སྤྱི་ཁྱབ་ཁང་གི་མགོ་བ་ཀི་པུའུ་ལོས་མེད་ཁི་ཨར་གཉིས་ཀྱིས་སོ་སོར་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ་བརྗོད་སྒོམ་བརྗེད་ཐོའི་སྟེང་མིང་བཀོད། 

ཀི་པུའུ་ལོས་མེད་ཁི་ཨར་གྱིས་བསྟན་དོན། གྲོས་མཐུན་དེས་སྔར་ལས་ལྷག་པའི་སྒོ་ནས་ལྕགས་ལམ་དང་བཅས་པའི་ཀྲུང་གོའི་དངུལ་གཏོང་གི་བརྒྱུད་གཅིག་ལམ་གཅིག་ལས་གཞིའི་ཁྲོད་ཀྱི་བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་ཐུབ་ཟེར། 

ཀྲའོ་ཀྲི་ཡོན་གྱིས་བཤད་རྒྱུར། བརྒྱུད་གཅིག་ལམ་གཅིག་གི་གྲོས་གཞིའི་འོག ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡཱ་རྒྱལ་ཁབ་གཉིས་བར་གྲོགས་པོའི་འབྲེལ་བ་བརྟན་པོ་བཙུགས་ཡོད་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་ཀྲུང་གོའི་དངུལ་གཏོང་གིས་ཨེ་ཙེ་ཨོ་ཕི་ཡཱའི་ལས་གཞི་ཆེན་མོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ལ། ས་དེར་ཡང་ལས་ཞུགས་གོ་སྐབས་སྔར་ལས་མང་བོ་གསར་སྐྲུན་བྱས་ཡོད་ཟེར། 

མཛད་སྒོའི་སྟེང་། ཀྲུང་གོའི་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡཱ་རྒྱལ་ཕྲན་མཉམ་འབྲེལ་ཉེན་རྟོག་སྤྱི་ཁྱབ་ཁང་ལ་བདེ་འཇགས་ཞིབ་བཤེར་སྒྲིག་ཆས་སྐོར་ཞིག་ཞལ་འདེབས་སུ་ཕུལ་ནས། ཡཱ་ཅི་ལྕགས་ལམ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པར་འགན་སྲུང་བྱེད་པའི་ཐད་བཀོལ་རྒྱུ་རེད། 

ཡཱ་ཅི་ལྕགས་ལམ་གྱིས་ཨེ་ཙེ་ཨོ་ཕི་ཡཱ་དང་ཅི་པུའུ་ཐིས་གཅིག་ཏུ་སྦྲེལ་ཡོད་པ་དང་། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཅན་གྱི་ལྕགས་ལམ་ཐོག་མ་ཡིན་པ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ་བདུན་བརྒྱ་དང་ང་གཉིས་ལྷག་ཡོད། ཡཱ་ཅི་ལྕགས་ལམ་དེས་ཉིས་སྟོང་བཅོ་བརྒྱད་ལོར་ཚོང་གཉེར་བྱེད་མགོ་བརྩམས་པའི་ཚུན་ལ། ཚོང་གཉེར་ཕན་འབྲས་བསྟུད་མར་ཇེ་ལེགས་སུ་འགྲོ་བཞིན་ཡོད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།