ཅོར་ཏན་གྱི་རྒྱལ་བོས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་པའི་ཚུལ་བསྟན།
2021.03.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཚེས་བདུན་ཉིན་ཨན་མན་ནས་བསྟན་དོན། ཅོར་ཏན་གྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་པ་དང་། བསྟུད་མར་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར། 

ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཉིན་དེར་ཅོར་ཏན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ཁྲིན་ཁྲོན་ཏུང་གིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱས་པ་དང་། ཁྲིན་ཁྲོན་ཏུང་བརྒྱུད་དེ་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུ་བཞིན་པ་བརྒྱུད་སྒྲོག་གནང་བའི་རེ་བ་ཞུས། ཁོས་བསྟན་དོན། ཅོར་ཏན་དང་ཀྲུང་གོའི་འབྲེལ་བ་མཛའ་མཐུན་ལྡན་པ་དང་། ཅོར་ཏན་གྱིས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། ད་ལོའི་རྒྱལ་ཁབ་གཉིས་ཀྱི་གྲོས་རིམ་གལ་ཆེན་གོ་སྐབས་སུ་བྱས་ཏེ། བསྟུད་མར་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར། 

ཁྲིན་ཁྲོན་ཏུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པར་སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུ་བཞིན་པ་བརྒྱུད་སྒྲོག་བྱས་པར་མ་ཟད། ཅོར་ཏན་གྱིས་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པའི་མགོ་ཁྲིད་འོག་བླངས་པའི་གྲུབ་འབྲས་མངོན་གསལ་དང་རྒྱལ་སྤྱིའི་ས་ཁུལ་ལས་དོན་ཁྲོད་བཏོན་པའི་ནས་པ་གལ་ཆེན་ལ་གདེང་འཇོག་ཆེན་པོ་བྱས། ཁྲིན་ཁྲོན་ཏུང་གིས་བཤད་རྒྱུར། ཀྲུང་གོའི་ཕྱོགས་ཀྱིས་ཅོར་ཏན་དང་མཉམ་དུ་འབད་བརྩོན་བྱས་ཤིང་། ནུས་ཤུགས་ཅི་ཡོད་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་དངོས་འབེབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འབད་འབུངས་ལྷོད་མེད་བྱེད་རྒྱུ་ཡིན་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།