ཨུ་རུ་སི་ཡིས་ཨ་མེ་རི་ཁའི་ཕྱི་འབྲེལ་མི་སྣ་བཅུ་མཐར་སྐྲོད་བཏང་། 
2021.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 54

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གཅིག་ཉིན་ཨུ་རུ་སིར་སྡོད་པའི་ཨ་མེ་རི་ཁའི་ཕྱི་འབྲེལ་མི་སྣ་བཅུ་མཐར་སྐྲོད་བཏང་བ་ཁྱབ་སྒྲོག་བྱས། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་གསལ་སྒྲོག་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཨུ་རུ་སིར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་བོས་ཏེ། ཨུ་རུ་སིར་སྡོད་པའི་ཨ་མེ་རི་ཁའི་ཕྱི་འབྲེལ་མི་སྣ་བཅུ་དགའ་བསུ་མི་བྱེད་པའི་མི་ཡིན་པའི་བརྡ་བཏང་བ་དང་། མི་དེ་དག་ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་གྱི་ནམ་གུང་གི་སྔོན་ལ་ཨུ་རུ་སིའི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁས་དེའི་སྔོན་རྒྱུ་མཚན་ཅི་ཡང་མེད་པར་ཨ་མེ་རི་ཁར་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་དང་ཉིག་ཡོ་རུ་སྡོད་པའི་གཞུང་ཚབ་ཁང་གི་མི་སྣ་སྐོར་ཞིག་དགའ་བསུ་མི་བྱེད་པའི་མི་སྣར་ཁྱབ་སྒྲོག་བྱས་པར་དམིགས་ཏེ། ཨུ་རུ་སི་ཡིས་དེ་དང་དོ་མཉམ་པའི་བྱེད་ཐབས་ཀྱིས་ཨ་མེ་རི་ཁའི་དགྲར་འཛིན་བྱ་སྤྱོད་ལ་རྒོལ་ལན་སྤྲད་པ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། མ་འོངས་པར་ཨུ་རུ་སི་ཡིས་ད་རུང་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་དེ་ལས་ལྷག་པ་སྤྱད་དེ། ཨ་མེ་རི་ཁའི་ཨུ་རུ་སིར་ཁྲིམས་འགལ་བཀག་སྡོམ་བྱས་པར་རྒོལ་ལན་སྤྲོད་ངེས་ཡིན་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།