མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ནམ་ཟླའི་ལས་འགུལ་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་སྐུལ་མ་བཏང་། 
2021.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་གཉིས་ཉིན་བརྙན་རིས་ཀྱི་ལམ་ནས་མགོ་ཁྲིད་པའི་ནམ་ཟླའི་འགྱུར་ལྡོག་གི་མཐོ་རིམ་གྲོས་ཚོགས་ལ་ཞུགས་སྐབས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ནམ་ཟླའི་ལས་འགུལ་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་སྐུལ་མ་བཏང་།

ཀུའུ་ཐི་ལོས་སི་ཡིས་བརྙན་རིས་ལས་བཤད་རྒྱུར། འདས་པའི་ལོ་བཅུ་ནི་ཟིན་ཐོ་ཡོད་པའི་ཚུན་གྱི་ཚ་བ་ཆེས་ཆེ་བའི་ལོ་བཅུ་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་དྲོད་ཚད་དེ་དྲོད་གྲངས་གཅིག་དང་གྲངས་ཆུང་གཉིས་འཕར་སྣོན་བྱུང་སྟེ་གནོད་འཚེའི་ཉེན་གནས་སུ་བསླེབ་ལ་ཉེ་ཡོད། ཁོས་བཤད་རྒྱུར། ང་ཚོར་ལྷད་མེད་ཀྱི་སའི་གོ་ལ་ཞིག་མཁོ་བས། ངེས་པར་དུ་ཡང་དག་པའི་ཕྱོགས་སུ་བགྲོད་པར་འགན་སྲུང་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཁོའི་དུས་རབས་འདིའི་དུས་དཀྱིལ་བར་འཛམ་གླིང་ཡོངས་ཀྱི་དྲོད་རླངས་ཕྱིར་གཏོང་གི་ཚད་ཐིག་ཡིན་པའི་མནའ་འབྲེལ་ཞིག་འཛུགས་པའི་ལངས་ཕྱོགས་བསྐྱར་སྒྲོག་བྱས་པ་དང་། རྒྱལ་ཁབ་སོ་སོས་རྗེས་ཕྱོགས་ཀྱི་ལོ་བཅུ་བོ་རྣམ་པ་བསྒྱུར་བའི་ལོ་བཅུར་བརྩི་དགོས་ལ། རྒྱལ་ཁབ་སོ་སོས་བློ་སྤོབས་ཆེ་བའི་རྒྱལ་ཁབ་རང་བདག་གི་བྱས་རྗེས་འཇོག་པའི་འཆར་གཞི་གསར་བ་སྤྲོད་དགོས་པར་མ་ཟད། ཉིས་སྟོང་ལྔ་བཅུ་ལོར་དྲོད་རླངས་ཕྱིར་འདོན་གྱི་ཚད་ཐིག་ཏུ་བསྒྱུར་བའི་ཐབས་ལམ་བསྟུན་པའི་མ་འོངས་པའི་ལོ་བཅུའི་འགུལ་སྐྱོད་དང་སྲིད་གཞུང་གཏན་འཁེལ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཁོས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ནམ་ཟླའི་ལས་འགུལ་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་སྐུལ་མ་བཏང་བ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ཟླ་དྲུག་པར་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་སྤྱི་བའི་ནམ་ཟླའི་ཐད་ཀྱི་མ་དངུལ་ཁས་ལེན་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན། དེའི་ནང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་འགུལ་སྐྱོད་ཐད་ལོ་རེར་མེ་སྒོར་ཁྲག་ཁྲིག་གཅིག་འདོན་སྤྲོད་བྱེད་པའི་དུས་ཡུན་རིང་བོའི་དམ་བཅའ་ཡང་འདུས་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།