རྒྱ་གར་དུ་པྲོག་གསར་རིམས་ནད་ཀྱི་གནས་ཚུལ་ཛ་དྲག་ཏུ་ཕྱིན་པ་དང་སིང་ཀ་ཕོར་གྱིས་ཡོང་མི་བཀག་སྡོམ་བྱས།
2021.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

སིང་ཀ་ཕོར་སྲིད་གཞུང་གིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། ཉེ་ཆར་རྒྱ་གར་འགྲོ་མྱོང་བའི་སིང་ཀ་ཕོར་རྒྱལ་ཁབ་ཀྱི་མིན་པའི་སྡོད་དམངས་རྒྱལ་ཁོངས་སུ་ཡོང་བ་བཀག་སྡོམ་བྱས།

སིང་ཀ་ཕོར་གྱི་འཕྲོད་བརྟེན་པུའུ་ཡིས་བསྒྲགས་པ་ལྟར་ན། ཚེས་ཉེར་གསུམ་ཉིན་གྱི་ཆུ་ཚོད་ཉེར་གསུམ་དང་སྐར་མ་ང་དགུ་ནས་བཟུང་། ཉེ་བའི་ཉིན་བཅུ་བཞིའི་རིང་རྒྱ་གར་དུ་འགྲོ་བའི་ཡུལ་སྐོར་བ་སིང་ཀ་ཕོར་དུ་ཡོང་མི་ཆོག་པའམ་སོང་ཀ་ཕོར་ནས་གནམ་གྲུ་བརྗེ་སྤོར་བྱེད་མི་ཆོག ཚད་བཀག་མེད་པར་གཏོང་པའི་དུས་ཚོད་ཐད་ཡང་བསྐྱར་བརྡ་ཐོ་གཏོང་རྒྱུ་རེད།

མི་ཕམ་མགོན་པོས་བསྒྱུར།