ཧ་མེ་ནེ་དབྱི་ཡིས་ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་ལ་དབྱི་ལིང་གི་ཉིང་རྡུལ་གནད་དོན་ཁྲོད་དུ་ཡིད་རྟོན་བྱེད་མི་རུང་བའི་ཚུལ་བསྟན།
2021.07.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱི་ཡིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན།   ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་ལ་དབྱི་ལིང་གི་ཉིས་རྡུལ་གནད་དོན་གྱི་གྲོས་མོལ་ཁྲོད་ཡིད་རྟོན་བྱེད་མི་རུང་།    གོ་སྐབས་ཡོད་ཚེ།   ཁོ་ཚོས་རྒྱལ་ཁབ་གཞན་པར་གནོད་སྐྱེལ་ངེས་ཡིན་ཟེར།

ཧ་མེ་ནེ་དབྱི་ཡིས་ཉིན་དེར་དབྱི་ལིང་གི་ཙུང་ཐུང་ལུའུ་ཧ་ཉི་སོགས་སྲིད་གཞུང་གི་ཁོངས་མི་དང་མཉམ་དུ་སྤེལ་བའི་གྲོས་ཚོགས་སྟེང་བསྟན་དོན།   ཉེ་བའི་དུས་སྐབས་ཀྱི་དབྱི་ལིང་ཉིང་རྡུལ་གནད་དོན་གྱི་གྲོས་མོལ་ཁྲོད་དུ།  ཨ་མེ་རི་ཁས་མཁྲེགས་འཛིན་གྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཟེར།  ཁོས་བཤད་རྒྱུར།    ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་རྒྱུ་ཁས་ལེན་བྱས་ནའང་།  དོན་དངོས་ཐོག་དམ་བཅའ་ལག་བསྟར་མ་བྱས་པ་དང་ལག་བསྟར་བྱེད་ཀྱང་མི་སྲིད་ལ།   ཨ་མེ་རི་ཁས་ད་རུང་སྔར་ཡོད་གྲོས་མཐུད་ཁྲོད་ནང་དོན་གསར་པ་སྣོན་དགོས་པའི་བླང་བྱ་བཏོན་ཟེར།

ཧ་མེ་ནེ་དབྱི་ཡིས་བསྟན་དོན།  ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་འདིའི་སྔོན་གྱི་གྲོས་མཐུན་ཁྲོད་ཀྱི་དམ་བཅའ་དང་རྒྱབ་འགལ་བྱས་པ་དང་།   མ་འོངས་པར་དམ་བཅའ་ལག་བསྟར་བྱེད་རྒྱུའང་ཁས་ལེན་མ་བྱས་ཟེར།

                                                                                                     ལྷ་མོ་ཚེ་རིང་གིས་བསྒྱུར།