འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་ལྔ་འབུམ་བརྒྱད་ཁྲི་བརྒྱད་སྟོང་དྲུག་དགུ་བརྒྱ་ཉེར་དགུ་ལ་སླེབས་ཡོད།
2021.07.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 44

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་དགུ་ཉིན་བསྒྲགས་པའི་གཞི་གྲངས་གསར་པ་ལྟར་ན།   འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་ལྔ་འབུམ་བརྒྱད་ཁྲི་བརྒྱད་སྟོང་དྲུག་དགུ་བརྒྱ་ཉེར་དགུ་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་པ་ལྟར་ན།  ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་བཅུ་བདུན་བར།  འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་ལྔ་ཁྲི་དགུ་སྟོང་ལྔ་བརྒྱ་དང་ཞེ་དགུ་ཇེ་མང་དུ་སོང་སྟེ་བསྡོམས་པས་ནད་པ་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་ལྔ་འབུམ་བརྒྱད་ཁྲི་བརྒྱད་སྟོང་དྲུག་དགུ་བརྒྱ་ཉེར་དགུ་ལ་སླེབས་ཡོད།    རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་བརྒྱད་བརྒྱད་བརྒྱ་དང་བཞི་ཇེ་མང་དུ་སོང་སྟེ་བསྡོམས་པས་ས་ཡ་བཞི་དང་འབུམ་གཅིག་ཁྲི་བརྒྱད་སྟོང་དགུ་བརྒྱ་དང་ཞེ་བརྒྱད་ལ་སླེབས་ཡོད།

                                                                                                     ལྷ་མོ་ཚེ་རིང་གིས་བསྒྱུར།