ཐུར་ཁེའི་ལྷོ་ཕྱོགས་སུ་ནགས་ཚལ་མེ་ཤོར་ནས་མི་བཞི་བསད།
2021.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ཐུར་ཁེའི་དཔོན་དམག་གིས་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ཐུར་ཁེའི་ལྷོ་ཕྱོགས་ཀྱི་ཨན་ཐ་ལིས་ཨ་ཞིང་ཆེན་དུ་ཚེས་ཉེར་བརྒྱད་ཉིན་ནགས་ཚལ་ལ་མེ་ཤོར་ནས་མི་བཞི་བསད།

ཐུར་ཁེའི་ཞིང་ལས་དང་ནགས་ཚལ་པུའུ་ཡི་པུའུ་ཀྲང་ཕཱ་ཁི་ཏའེ་མུས་ཨར་ལིས་ཀྱིས་ཉེན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ནགས་ཚལ་ལ་མེ་ཤོར་བ་དེས་ཞིང་ཆེན་དེ་དང་དེའི་ཉེ་འཁོར་གྱི་ཞིང་ཆེན་ལ་གནོད་པ་ཆེན་པོ་བཟོས་ཡོད་ཅིང་། རླུང་དྲག་པོ་གཡུག་པ་དང་བསྟུན་ནས་མེ་ཤུགས་གང་སར་མཆེད་པ་རེད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།