རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཨ་ཧྥུའུ་ཧན་གནད་དོན་གྱི་མགོ་ཁྲིད་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་དེ་བརྙན་རིས་ཀྱི་རྣམ་པས་སྤེལ། 
2021.10.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41


ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན། དབྱི་ཐཱ་ལེའི་ཙུང་ལི་ཏི་ལཱ་ཅི་རོ་མཱ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཨ་ཧྥུའུ་ཧན་གནད་དོན་གྱི་མགོ་ཁྲིད་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས། 


ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན། དབྱི་ཐཱ་ལེའི་ཙུང་ལི་ཏི་ལཱ་ཅི་རོ་མཱ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཨ་ཧྥུའུ་ཧན་གནད་དོན་གྱི་མགོ་ཁྲིད་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལ་མགོ་འཛིན་བྱས། 

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཨ་ཧྥུའུ་ཧན་གནད་དོན་གྱི་མགོ་ཁྲིད་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ཚེས་བཅུ་གཉིས་ཉིན་བརྙན་རིས་ཀྱི་རྣམ་པས་སྤེལ། 

གྲོས་ཚོགས་ལ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་དབྱི་ཐཱ་ལེའི་ཙུང་ལི་ཏི་ལཱ་ཏི་ཡིས་མགོག་འཛིན་བྱས་ཤིང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་མི། སྐུ་མགྲོན་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་འཐུས་མི། དེ་མིན་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་བཅས་གྲོས་ཚོགས་ལ་ཞུགས་ཡོད། 

ཏི་ལཱ་ཅི་ཡིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཨ་ཧྥུའུ་ཧན་ཉིན་རེར་ཚབས་ཆེ་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ལ་འཕྲད་ཡོད་པ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཨ་ཧྥུའུ་ཧན་ལ་རོགས་རམ་བྱས་ཏེ་མྱུར་མོར་གནས་བབ་ཞི་འཇགས་སུ་གཏོང་བ་དང་གནད་དོན་ཐག་གཅོད་བྱེད་དགོས་ཟེར། གྲོས་ཚོགས་ནས་ཨ་ཧྥུའུ་ཧན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོ་བར་ཇི་ལྟར་བཀག་འགོག་བྱེད་པ་དང་ཨ་ཧྥུའུ་ཧན་དེ་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱི་འགེབས་སྲུང་བྱེད་སར་འགྱུར་བར་ཇི་ལྟར་སྔོན་འགོག་བྱེད་པར་གྲོས་བསྡུར་བྱས། 

ཏི་ལཱ་ཅི་ཡིས་བཤད་རྒྱུར། གྲོས་ཚོགས་ནས་ད་རུང་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བའི་གནད་དོན་དང་འགྲོ་མིའི་ཐོབ་ཐང་། ཕོ་མོ་འདྲ་མཉམ་སོགས་གནད་དོན། དེ་མིན་ཐཱ་ལེ་པན་སྲིད་གཞུང་གི་ཆབ་སྲིད་དམ་བཅའ་སོགས་གནད་དོན་ལ་གྲོས་བསྡུར་བྱས། གྲོས་ཚོགས་ལ་ཞུགས་མཁན་གྱིས་ཨ་ཧྥུའུ་ཧན་གྱི་མི་ཆོས་རིང་ལུགས་ཉམས་ཉེན་གྱི་གནད་དོན་དེར་ཐུན་མོང་གི་ལྟ་ཚུལ་ཆེན་པོ་ཆགས་ཡོད། 

དབྱི་ཐཱ་ལེ་ཕྱོགས་ཀྱིས་གསར་འགྱུར་སྤྱི་སྒྲོག་སྤེལ་བ་ལྟར་ན། གྲོས་ཚོགས་ནས་གལ་ཏེ་ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་དང་དངུལ་ལོར་མ་ལག་ཉམས་རྒུད་དུ་སོང་ན། ཨ་ཧྥུའུ་ཧན་གྱི་མང་ཚོགས་ཀྱི་འཚོ་བ་དང་ཨ་ཧྥུའུ་ཧན་དང་ཉེ་འཁོར་རྒྱལ་ཁབ་ཀྱི་གཏན་འཇགས་ཐད་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་ཉམས་ཉེན་གནད་དོན་ཐག་གཅོད་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་དགོས་པར་མ་ཟད། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་པར་སྐུལ་སློང་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགསག་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འབོད་སྐུལ་སྐུལ་དང་དུ་ལེན་དགོས་པར་འདོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།