འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཉིས་དང་བྱེ་བ་བཞི་འབུམ་དགུ་ཁྲི་བཞི་དགུ་བརྒྱ་སོ་བདུན་ལ་བསླེབས་ཡོད། 
2021.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་དགུ་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཉིས་དང་བྱེ་བ་བཞི་འབུམ་དགུ་ཁྲི་བཞི་དགུ་བརྒྱ་སོ་བདུན་ལ་བསླེབས་ཡོད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་དགུ་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་ཉེར་གསུམ་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ནས་འབུམ་གསུམ་དང་ཁྲི་གཉིས་སྟོང་ལྔ་བརྒྱད་བརྒྱ་དོན་ལྔ་ཇེ་མང་དུ་སོང་སྟེ། བསྡོམས་པས་ནད་པ་དུང་ཕྱུར་གཉིས་དང་བྱེ་བ་བཞི་འབུམ་དགུ་ཁྲི་བཞི་དགུ་བརྒྱ་སོ་བདུན་ལ་བསླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་ཉིས་བརྒྱ་དང་གཅིག་ཇེ་མང་དུ་སོང་ནས། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་ས་ཡ་བཞི་དང་འབུམ་དགུ་སྟོང་གསུམ་དགུ་བརྒྱ་བཅུ་གཅིག་ལ་བསླེབས་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།