ཁཱ་ཐར་གྱིས་ནེ་ཀི་བཅོས་སྒྲིག་བྱས། 
2021.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་ཡིས་ཚེས་བཅུ་དགུ་ཉིན་ནེ་ཀི་བཅོས་སྒྲིག་བྱེད་པའི་བཀའ་རྒྱ་སྤེལ་ཏེ། ནེ་ཀིའི་ཁོངས་མི་དང་ལས་ཁུངས་སྐོར་ཞིག་ལ་ལེགས་སྒྲིག་བྱས། གྲོང་སྲིད་དང་ཁོར་ཡུག་ལས་དོན་པུའུ་དེ་གྲོང་སྲིད་པུའུ་དང་། ཁོར་ཡུག་དང་ནམ་ཟླའི་འགྱུར་ལྡོག་པུའུ་གཉིས་སུ་དགར་བ་སོགས་འདུས། 

བཀའ་རྒྱ་ལྟར་ན། ཐེངས་འདིའི་ནེ་ཀིའི་བཅོས་སྒྲིག་ལས་ནེ་ཀིའི་ཁོངས་མི་སྐོར་ཞིག་ལེགས་སྒྲིག་བྱས། གསར་དུ་འགན་ཁུར་བའི་ནེ་ཀིའི་བློན་ཆེན་བཅུ་གསུམ་བསྐོ་འཇོག་བྱས། དེའི་ནང་ནོར་སྲིད་བློན་ཆེན་དང་འགྲིམ་འགྲུལ་བློན་ཆེན། ཉོ་ཚོང་དང་བཟོ་ལས་བློན་ཆེན། ཁོར་ཡུག་དང་ནམ་ཟླའི་འགྱུར་ལྡོག་གི་བློན་ཆེན་སོགས་འདུས། ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན། འཕྲོད་བསྟེན་བློན་ཆེན། ནུས་ཁུངས་ལས་དོན་གྱི་རྒྱལ་སྲིད་བློན་ཆེན་སོགས་སྔར་གནས་སུ་སོར་འཇོག་བྱས་ཡོད། 

དེ་ལས་གཞན་ཐེངས་འདིའི་ནེ་ཀིའི་བཅོས་སྒྲིག་ལས་སྔོན་ཆད་ཀྱི་གྲོང་སྲིད་དང་ཁོར་ཡུག་པུའུ་དེ་གྲོང་སྲིད་པུའུ་དང་། ཁོར་ཡུག་དང་ནམ་ཟླའི་འགྱུར་ལྡོག་པུའུ་གཉིས་སུ་དགར་བ་དང་། རིག་གནས་དང་ལུས་རྩལ་པུའུ་དེ་རིག་གནས་པུའུ་དང་། ལུས་རྩལ་དང་ན་གཞོན་པུའུ་གཉིས་སུ་དགར་བ། འགྲིམ་འགྲུལ་དང་འཕྲིན་གཏོང་པུའུ་དེ་འགྲིམ་འགྲུལ་པུའུ་དང་། འཕྲིན་གཏོང་དང་བརྡ་འཕྲིན་ལག་རྩལ་པུའུ་གཉིས་སུ་དགར་བ། སྲིད་འཛིན་འཕེལ་རྒྱས་དང་ངལ་རྩོལ། སྤྱི་ཚོགས་ལས་དོན་པུའུ་དེ་ངལ་རྩོལ་པུའུ་དང་། སྤྱི་ཚོགས་འཕེལ་རྒྱས་དང་ཁྱིམ་ཚང་ལས་དོན་པུའུ་གཉིས་སུ་དགར་རྒྱུ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།