ཨོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་འགྲོ་མིའི་ཐོབ་ཐང་གི་ཆེད་མིས་ཕོ་ལན་དང་ཨུ་རུ་སི་དཀར་པོའི་མཐའ་མཚམས་ས་ཁུལ་གྱི་མི་ཆོས་རིང་ལུགས་དང་འགྲོ་མིའི་ཐོབ་ཐང་གནས་བབ་ལ་སེམས་ཁྲལ་བྱེད་པའི་གནས་སུ་ལྷུང་ཡོད་ཅེས་བཤད།
2021.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཨོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་འགྲོ་མིའི་ཐོབ་ཐང་གི་ཆེད་མི་ཏུའུ་ཉི་ཡ་མུས་ཡ་ཐོ་ཝེ་ཆི་ཡིས་ཕོ་ལན་ལ་འཚམས་འདྲི་བྱས་རྗེས་ཚེས་བཅུ་དགུ་ཉིན་བཤད་དོན། ཕོ་ལན་དང་ཨུ་རུ་སི་དཀར་པོའི་མཐའ་མཚམས་ས་ཁུལ་གྱི་མི་ཆོས་རིང་ལུགས་དང་འགྲོ་མིའི་ཐོབ་ཐང་གནས་བབ་ལ་སེམས་ཁྲལ་བྱེད་པའི་གནས་སུ་ལྷུང་ཡོད་པས། བྲེལ་མྱུར་འགུལ་སྐྱོད་སྤེལ་ཏེ་མཐའ་མཚམས་ས་ཁུལ་དུ་ཡོད་པའི་མི་རྣམས་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་དགོས།

ཨོ་རོབ་གླིང་ཨུ་ཡོན་ལྷན་ཁང་གིས་བཤད་དོན། ཨུ་རུ་སི་དཀར་པོ་དང་ཕོ་ལན་གྱིས་མཐའ་མཚམས་ས་ཁུལ་གྱི་མི་ཆོས་རིང་ལུགས་དང་འགྲོ་མིའི་ཐོབ་ཐང་གནས་བབ་ཛ་དྲག་ཏུ་གྱུར་བར་འགན་འཁུར་དགོས། ཕོ་ལན་ཕྱོགས་ཀྱིས་དེའི་སྔོན་ལ་བཀག་རྒྱ་སྤེལ་ཏེ། གནས་བབ་ཛ་དྲག་ཏུ་འགྱུར་བཞིན་པའི་མཐའ་མཚམས་ས་ཁུལ་བཀག་འགོག་བྱས་པ་དང་། རྒྱལ་སྤྱིའི་རྩ་འཛུགས་དང་དམངས་ཁྲོད་སྤྱི་ཚོགས་ཀྱིས་མི་ཆོས་རིང་ལུགས་རོགས་སྐྱོར་འདོན་སྤྲོད་བྱས་པ་དང་འགྲོ་མིའི་ཐོབ་ཐང་བྱ་བ་སྒྲུབ་པ་གཏན་འགོག་བྱས།

མུས་ཡ་ཐོ་ཝེ་ཆི་ཡིས་བཤད་དོན། ཡོ་རོབ་གླིང་གིས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་ཕོ་ལན་དང་ཨུ་རུ་སིའི་དཀར་པོའི་མཐའ་མཚམས་ཀྱི་དེང་སྐབས་ཀྱི་འགྲོ་མིའི་ཐོབ་ཐང་གནས་བབ་ལ་ཁ་གཏད་འཇལ་དགོས།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་དགུ་ཉིན་བཤད་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ལུའུ་ཁ་ཧྲིན་ཁི་ལ་ཉིན་དེར་ཁ་པར་བཏང་སྟེ། ཨུ་རུ་སི་དཀར་པོ་དང་ཕོ་ལན་སོགས་ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་མཐའ་མཚམས་ཀྱི་ཡུལ་གྱར་པའི་གནད་དོན་ལ་གྲོས་བསྡུར་བྱས།

                                                                                                 བཀྲ་ཤིས་འབུམ་གྱིས་བསྒྱུར།