ཨ་མེ་རི་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོས་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དོན་གྱི་ལས་རོགས་བློན་ཆེན་ལ་ཐུག་འཕྲད་བྱས།
2021.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 59

ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། ཨ་མེ་རི་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཆིན་ཀང་གིས་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དོན་གྱི་ལས་རོགས་བློན་ཆེན་ཁང་ཏཱ་ལ་ཐུག་འཕྲད་བྱས་ཏེ།  ཕྱོགས་གཉིས་ཀ་མཉམ་དུ་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་བརྙན་ལམ་ཐུག་འཕྲད་ཀྱི་དགོངས་དོན་དང་ཐུན་མོང་ངོས་འཛིན་དོན་འཁྱོལ་ཧུར་ཐག་བྱེད་རྒྱུའི་ཐད་ལྟ་ཚུལ་གཅིག་མཐུན་བྱུང་།

ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏེན་ལ་བརྙན་ལམ་ནས་ཐུག་འཕྲད་གནང་ནས། ཕྱོགས་གཉིས་ཀས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན། རྩ་བའི་རང་བཞིན་བཅས་ཀྱི་གནད་དོན་དང་དེ་བཞིན་ཐུན་མོང་གིས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་འབྲེལ་འདྲིས་དང་བསམ་ཚུལ་བརྗེ་རེས་གང་ལེགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།