ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔ་ཡི་རིག་མཛོད་གླེང་སྟེགས་སྐབས་དང་པོ་འཚོགས།
2021.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔ་ཡི་རིག་མཛོད་གླེང་སྟེགས་སྐབས་དང་པོ་ཚེས་བཅུ་དགུ་ཉིན་འཚོགས་པ་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱི་མགོ་གཙོ་དང་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་དང་ཆེད་མཁས་པ་དྲ་ངོས་སོགས་ཀྱི་རྣམ་པ་བརྒྱུད་དེ་གླེང་སྟེགས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་པ་དང་གྲོས་བརྡར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གླེང་སྟེགས་ཀྱིས་ཨ་ཧྥུའུ་ཧན་གནས་བབ་གསར་བ་དང་ཨེ་ཤ་ཡ་དབུས་མའི་བདེ་འཇགས་དང་འཕེལ་རྒྱས་བརྗོད་དོན་གཙོ་བོར་བཟུང་བ་དང་། དེ་ནི་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔ་ཡི་ཕྱི་འབྲེལ་པུའུ་ཀྲང་གིས་ཐོག་དང་པོར་ཐུག་འཕྲད་བྱས་ཏེ་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་གྲོགས་པོ་རྒྱལ་ཁབ་ཀྱི་ཆེད་མཁས་པ་དང་ཤེས་ཡོན་ཅན་བར་གྱི་གྲོས་མོལ་བརྗེ་རེས་རྐྱེན་སྲོལ་འཛུགས་པའི་སྐོར་གྱི་ལྟ་ཚུལ་བཏོན་པ་དངོས་འབེབས་བྱེད་པའི་བྱེ་བྲག་བྱེད་ཐབས་ཤིག་རེད།

ཚོགས་འདུར་ཞུགས་པའི་འཐུས་མིས་བལྟས་ན། ཨ་ཧྥུའུ་ཧན་གནས་བབ་ཀྱིས་ཨེ་ཤ་ཡའི་དབུས་མ་ས་ཁུལ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་དང་། ཀྲུང་གོ་དང་ཨེ་ཤ་ཡའི་མདུན་དུ་ཨ་ཧྥུའུ་ཧན་བདེ་འཇགས་ཉེན་ཁར་ཁ་གཏད་འཇལ་བའི་འགྲན་རྩོད་གནས་པར་མ་ཟད་ཨ་ཧྥུའུ་ཧན་གྱིས་ཞི་བདེ་བརྟན་འཇགས་མངོན་འགྱུར་བྱས་ནས། ཁུལ་ཁོངས་ནང་ཁུལ་གྱི་བདེ་འཇགས་ཉེན་ཁ་སེལ་བའི་གོ་སྐབས་དང་འཕྲལ་ཡོད། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་ཨ་ཧྥུའུ་ཧན་གྱིས་མྱུར་དུ་ཞི་བདེ་བརྟན་འཇགས་མངོན་འགྱུར་བྱེད་པར་མ་ཟད་ནུས་ལྡན་བཅོས་སྐྱོང་བྱེད་པའི་རེ་བ་བཅངས་ཡོད།

                                                                                                     བཀྲ་ཤིས་འབུམ་གྱིས་བསྒྱུར།