དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་གནས་པའི་གནད་དོན་ཐད་ཐུན་མོང་གི་ལྟ་ཚུལ་འགོད་སྲིད་པའི་ཚུལ་བསྟན། 
2021.11.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་གནས་པའི་གནད་དོན་ཐད་ནས་ཐུན་མོང་གི་ལྟ་ཚུལ་འགོད་སྲིད་པ་དང་། ཉེ་ལམ་མཇུག་མཐའི་ཆོད་དོན་སྤེལ་རྒྱུ་ཡིན་ཟེར། 

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་དྲ་ཐོག་ནས་བསྟན་དོན། ཁོ་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞིའི་གྲོས་མོལ་དེ་མཛའ་མཐུན་ལྡན་ཞིང་ལྷག་བསམ་རྣམ་དག་ཡིན་པར་མ་ཟད་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་བྱེད་པར་ཐུན་མོང་གི་ལྟ་ཚུལ་བཟང་བོ་བྱུང་ཡོད་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། ལག་རྩལ་གནད་དོན་དེ་ཆབ་སྲིད་ཅན་དུ་བྱེད་པ་ནི་ངལ་བ་འབྲས་མེད་ཡིན་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།