བྷང་ག་ལཱ་རྒྱལ་ཁབ་ཀྱིས་དངུལ་གཏོང་མཐོ་རིམ་གྲོས་ཚོགས་བསྡུས་ཏེ་ཕྱི་དངུལ་ནང་འགུག་ཤུགས་ཚད་ཇེ་ཆེར་བཏང་། 
2021.11.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཉིས་སྟོང་ཉེར་གཅིག་ལོའི་བྷང་ག་ལཱའི་རྒྱལ་སྤྱིའི་དངུལ་གཏོང་མཐོ་རིམ་གྲོས་ཚོགས་ཉེ་སྔོན་རྒྱལ་ས་ཏཱ་ཁཱ་ནས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པས་སྤེལ་བ་དང་། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་དམིགས་ཡུལ་ནི་རྒྱལ་ཁབ་སོ་སོའི་དངུལ་གཏོང་མཁན་དག་ལ་བྷང་ག་ལཱའི་ཕུན་སུམ་ཚོགས་པའི་དངུལ་གཏོང་གོ་སྐབས་ངོམ་ཆེད་ཡིན་པ་རེད། 

བྷང་ག་ལཱ་རྒྱལ་ཁབ་ཀྱི་ཙུང་ལི་ཧཱ་ཞི་ནཱ་ཡིས་དྲ་ཐོག་ནས་གཏམ་བཤད་སྤེལ་ཏེ། དངུལ་གཏོང་མཁན་གྱིས་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་བརྒྱུད་དེ་བྷང་ག་ལཱ་རྒྱལ་ཁབ་ཀྱི་འཕེལ་རྒྱས་སྦས་ཤུགས་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས་པའི་རེ་བ་བཏོན། ཁོ་མོས་བསྟན་དོན། ཆབ་སྲིད་གཏན་འཇགས་དང་ངལ་རྩོལ་པ་མོད་པ། དངུལ་གཏོང་སྲིད་ཇུས་ལྷོད་ཡངས་ཡིན་པ། ས་བབ་གོ་གནས་ཀྱི་ཁྱད་སྟོབས་མངོན་པར་གསལ་བ་བཅས་ལ་བརྟེན་ནས་བྷང་ག་ལཱ་རྒྱལ་ཁབ་ཀྱི་གལ་ཆེན་རང་བཞིན་རྒྱུན་ཆད་མེད་པར་མཐོར་འདེགས་བྱེད་དགོས་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།