ནེའུ་ཙེ་ལན་དུ་ཚད་རིམ་ལྔ་དང་གྲངས་ཆུང་བརྒྱད་ཀྱི་ས་ཡོམ་བྱུང་། 
2022.09.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ནེའུ་ཙེ་ལན་གྱི་ས་གཤིས་དང་ཉིང་རྡུལ་ཚན་རིག་ཞིབ་འཇུག་ཁང་གིས་ཚེས་ཉེར་གཉིས་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ས་དེའི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་བདུན་སྟེང་ནེའུ་ཙེ་ལན་དུ་ཚད་རིམ་ལྔ་དང་གྲངས་ཆུང་བརྒྱད་ཀྱི་ས་ཡོམ་བྱུང་བ་དང་། རྒྱལ་ས་ཧོས་ལིན་ཏོན་དུ་ས་ཡོམ་གྱི་ཚོར་སྣང་མངོན་གསལ་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཐེངས་འདིའི་ས་ཡོམ་བྱུང་ས་གཙོ་བོ་ནི་ནེའུ་ཙེ་ལན་གྱི་གླིང་ཕྲན་ལྷོ་མ་དང་གླིང་ཕྲན་བྱང་མའི་བར་མཚམས་ཀྱི་མཚོ་ཁོངས་ཡིན་པ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་ང་གཅིག་ཡོད་ཟེར། 

ནེའུ་ཙེ་ལན་གྱི་རྒྱལ་ས་ཧོས་ལིན་ཏོན་དུ་ས་ཡོམ་གྱི་ཚོར་སྣང་མངོན་གསལ་ཡོད་པ་དང་། ནེའུ་ཙེ་ལན་གྱི་ལྷོ་བྱང་ཧྲིལ་བོར་ས་ཡོམ་གྱི་ཚོར་སྣང་ཡོད་པ་རེད། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།