འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དུང་ཕྱུར་དྲུག་དང་བྱེ་བ་གཅིག་ས་ཡ་བཞི་འབུམ་གསུམ་ཁྲི་བརྒྱད་སྟོང་ལྔ་དྲུག་བརྒྱ་གོ་གསུམ་ལ་སླེབས་ཡོད།
2022.10.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པ་ལྟར་ན།  འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དུང་ཕྱུར་དྲུག་དང་བྱེ་བ་གཅིག་ས་ཡ་བཞི་འབུམ་གསུམ་ཁྲི་བརྒྱད་སྟོང་ལྔ་དྲུག་བརྒྱ་གོ་གསུམ་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་པ་ལྟར་ན།     ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་ཉི་ཤུའི་བར།   འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་ལས་འབུམ་གསུམ་དང་ཁྲི་གཉིས་སྟོང་ལྔ་དྲུག་བརྒྱ་དང་གཉིས་ཇེ་མང་དུ་སོང་ནས་བསྡོམས་པས་ནད་པ་དུང་ཕྱུར་དྲུག་དང་བྱེ་བ་གཅིག་ས་ཡ་བཞི་འབུམ་གསུམ་ཁྲི་བརྒྱད་སྟོང་ལྔ་དྲུག་བརྒྱ་གོ་གསུམ་ལ་སླེབས་ཡོད།   རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་སྟོང་གཅིག་དང་དྲུག་བརྒྱ་རེ་བརྒྱད་ཇེ་མང་དུ་སོང་སྟེ་བསྡོམས་པས་ས་ཡ་དྲུག་དང་འབུམ་ལྔ་ཁྲི་གཉིས་སྟོང་གཉིས་དྲུག་བརྒྱར་སླེབས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།