ཕྱི་རྒྱལ་གྱི་མགོ་ཁྲིད་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་གསུམ་འཁོར་བར་རྟེན་འབྲེལ་ཞུས།
2022.10.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཉེ་སྔོན། རྒྱལ་ཁབ་མང་བོའི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བས་གཅིག་རྗེས་གཉིས་མཐུད་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་གཏོང་བ་དང་ཡང་ན་འཕྲིན་ཡིག་བསྐུར་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་གསུམ་འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བའི་སྨོན་འདུན་ཞུས།

ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་ངལ་རྩོལ་ཏང་དང་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ། ཁྲའོ་ཞན་གྱི་མི་དམངས་ཡོངས་བཅས་ཀྱི་ཚབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་དང་ཀྲུང་གོ་གུང་ཁྲན་ཏང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་། སྤུན་ཟླ་ལྟ་བུའི་ཀྲུང་གོའི་མི་དམངས་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཅིན་ཀྲིན་ཨིན་གྱིས་བསྟན་དོན། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་སྲོག་ཤིང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཏུ། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་སྐྱོད་ལམ་གསར་པར་ཞུགས་ཡོད། མི་འགྱངས་བར་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསུ་རྒྱུ་ཡིན་ལ། ཚོགས་ཆེན་དེ་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལས་དོན་གྱི་ལམ་ཚད་རྡོ་རིང་གསར་པར་འགྱུར་ངེས། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་མགོ་ཁྲིད་ཡོད་པ་དང་། ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པའི་ཀྲུང་གོ་མི་དམངས་ཡོད་ཚེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་མངོན་འགྱུར་བྱ་ངེས་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཟེར།

ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཁྲུན་ཧྥུའུ་ཡིས་ཡའོ་ནན་གྱི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ལ་ཆེས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཀྲུང་གོ་མི་དམངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་དང་དཀའ་ངལ་ཁྱད་སེལ་བྱས་ན། རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་ལས་དོན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་བླངས་འདུག་ཅེས་བཤད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལེགས་འགྲུབ་བྱུང་ནས། ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་གསར་བརྗེའི་ལས་དོན་གྱི་སྐྱོད་ལམ་གསར་པ་འབྱེད་རྒྱུའི་སྨོན་འདུན་སྙིང་ནས་ཞུས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་འོག་ཏུ། ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་བཏོན་པའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལས་འགན་དང་དམིགས་འབེན་རྒྱལ་ཁའི་ངང་མངོན་འགྱུར་བྱས་ཏེ། འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་སྟེང་འབད་པས་མདུན་སྐྱོད་བྱེད་ངེས་པར་ཡིད་ཆེས་བརྟན་པོ་ཡོད། ཡའོ་ནན་གྱི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་བར་གྱི་ཁྱིམ་མཚེས་མཛའ་མཐུན་དང་ཕྱོགས་ཡོངས་ཀྱི་མཉམ་ལས་འབྲེལ་བ་གོང་དུ་སྤེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་བར་དུ་རྒྱུན་ལྡན་རང་བཞིན་གྱི་འཐབ་ཇུས་འབྲེལ་འདྲིས་སྲུང་འཛིན་བྱས་ཏེ། ཡའོ་ནན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་གོང་དུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན།

ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་གྱིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་མགོ་ཁྲིད་འོག་ཏུ། ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལས་དོན་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བླངས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་བརྩམས་པས། རྒྱལ་སྤྱིའི་གོ་གནས་ཉིན་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། ལའོ་ཝའོ་ཡིས་སྤུན་ཟླ་ལྟ་བུའི་ཀྲུང་གོའི་མི་དམངས་ཀྱིས་བླངས་པའི་རླབས་ཆེ་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་དང་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བཞིན་ཡོད། ལའོ་ཝའོ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུ་བར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཏུ། སྤུན་ཟླ་ལྟ་བུའི་ཀྲུང་གོ་མི་དམངས་ཀྱིས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་བསྐྱོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་རྒྱུན་ཆད་མེད་པར་སྔར་ལས་ཆེ་བའི་གྲུབ་འབྲས་གསར་པ་བླངས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།

ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ། ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡ་སི་ཁ་ནར་གྱིས་ཁུ་པའི་མི་དམངས་དང་ཏང་། སྲིད་གཞུང་བཅས་ཀྱི་ཚབ་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཆེས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་བསྡུ་རྒྱུ་ཡིན་པ་དེས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ལས་དོན་སྔར་ལས་སྲ་བརྟན་དུ་གཏོང་ངེས་པར་ཡིད་ཆེས་ཡོད་ཟེར།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་གསུམ་འཁོར་བའི་སྐབས་འདིར། ངའི་ལྷག་བསམ་དག་ཅིང་མཛའ་བརྩེ་ལྡན་པའི་སྨོན་འདུན་དང་ལེན་བྱེད་རོགས། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་བསྡུ་རྒྱུའི་སྨོན་འདུན་ཞུ་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་གྱིས་ཨ་མེ་རི་ཁའི་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་གསུམ་འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཨ་མེ་རི་ཁའི་མི་དམངས་དང་མཉམ་དུ་ཀྲུང་གོའི་མི་དམངས་ཡོངས་ཀྱིས་ཞི་བདེ་དང་དར་རྒྱས་ལོངས་སུ་སྤྱོད་རྒྱུའི་སྨོན་འདུན་ཞུས།

ཁམ་ཕུ་ཀྲེའི་རྒྱལ་པོ་ཞི་ཧ་མོ་ཉི་ཡིས་ཁམ་ཕུ་ཀྲེའི་གོང་མ་ཚང་དང་མི་དམངས་དང་མཉམ་དུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོ་སྲིད་གཞུང་། ཀྲུང་གོའི་དམག་དཔུང་། ཀྲུང་གོ་མི་དམངས་བཅས་ལ་ལྷག་བསམ་རྣམ་པར་དག་པའི་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་དར་རྒྱས་གོང་འཕེལ་འགྲོ་བ་དང་མི་དམངས་བདེ་ཞིང་སྐྱིད་པའི་སྨོན་འདུན་ཞུས་ལ། ཁམ་ཕུ་ཀྲེ་དུས་གཏན་དུ་ཀྲུང་གོ་དང་མཉམ་དུ་ལངས་ནས། ཁམ་ཕུ་ཀྲེ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བཤད། 

ཐའེ་གོའི་རྒྱལ་པོ་ཝ་ཅི་ལ་ལུང་ཀུང་གིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་འགྲན་སློང་དང་གཏན་འཇགས་མིན་པའི་རྒྱུ་རྐྱེན་སྣ་ཚོགས་ཀྱི་མདུན་དུ། ཐའེ་གོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་དུས་ནམ་ཡང་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རེས་བྱེད་བཞིན་ཡོད། ཐུན་མོང་གི་དམིགས་འབེན་ལ་དམིགས་པ་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཚེ། ཐའེ་གོ་དང་ཀྲུང་གོའི་འབྲེལ་བ་བསྟུད་མར་ཇེ་ཟབ་ཏུ་སོང་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གོང་འཕེལ་སྔར་ལས་ཆེན་པོ་འབྱུང་ཐུབ་ངེས་ཡིན་ཟེར། 

ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁི་ཡིས་ཧིན་རྡུ་ཉི་ཞི་ཡ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་པར་མ་ཟད་རང་གི་མིང་ཐོག་ནས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ལ་སེམས་གཏིང་ནས་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་མཛུབ་སྟོན་འོག་ཏུ། རྒྱལ་ཁབ་གཉིས་ཀྱིས་གཉིས་ཕན་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་དང་ཟབ་སྤེལ་བྱེད་ཐུབ་པར་མ་ཟད། རྒྱལ་སྤྱི་དང་ས་ཁུལ་གྱི་དར་རྒྱས་དང་གཏན་འཇགས་ཐད་བྱས་རྗེས་འཇོག་ཐུབ་པར་ཡིད་ཆེས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་རོགས་ལས་ཟབ་མོ་བྱས་ཏེ། ཕྱོགས་གཉིས་ཀྱི་མཛའ་བརྩེ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཟབ་སྤེལ་བྱེད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་གོང་དུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།