དབྱི་སི་རལ་དམག་དཔུང་གིས་ཅོར་ཏན་ཆུ་བོའི་ནུབ་འགྲམ་དུ་ཕ་ལེ་སི་ཐན་གྱི་མི་གཉིས་བསད།
2023.05.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

དབྱི་སི་རལ་དམག་དཔུང་གིས་ཚེས་དྲུག་ཉིན་ཅོར་ཏན་ཆུ་བོའི་ནུབ་འགྲམ་གྲོང་ཁྱེར་ཐུའུ་ལི་ཁེར་མུའུ་རུ་ཕ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་དེ། ཕ་ལེ་སི་ཐན་གྱི་མི་གཉིས་བསད།

མཐོང་མཁན་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་ཉིན་དེའི་ཞོགས་པར་ས་དེའི་ཡུལ་གྱར་བའི་འདུག་ས་རུ་སོང་ནས་བཤེར་བཟུང་བྱེད་སྐབས་ཕ་ལེ་སི་ཐན་གྱི་མི་དང་འཁྲུག་རྩོད་བྱུང་ཟེར། ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཕ་ལེ་སི་ཐན་གྱི་མི་གཉིས་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱིས་འགུལ་སྐྱོད་ཁྲོད་དེའི་སྔོན་དབྱི་སི་རལ་གྱི་མི་ལ་འཇབ་རྒོལ་བྱེད་པའི་ཁྲོད་ཞུགས་པའི་དྲག་ཆས་མི་སྣ་གཉིས་བསད་པ་མ་ཟད། འཁྲུག་རྩོད་ཡུལ་དངོས་ནས་མཚོན་ཆ་མང་པོ་རྩིས་ལེན་བྱས། འགུལ་སྐྱོད་ཧྲིལ་བོའི་ཁྲོད་དབྱི་སི་རལ་ཕྱོགས་ཀྱི་མི་གཅིག་ལ་ཡང་འཆི་རྨས་བྱུང་མེད་ཟེར།

ད་ལོའི་ཚུན་དུ། ཕ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་ཆུ་བོའི་ནུབ་འགྲམ་དང་ཡེ་ལུའུ་ས་ལིན་སོགས་ས་ཁུལ་མང་པོ་ནས་ཕ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་བ་མ་ཟད་མི་སྣར་འཆི་རྨས་བྱུང་བ་དང་། ཡེ་ལུའུ་ས་ལིན་དུ་ཡང་དབྱི་སི་རལ་གྱི་མིར་ཁ་གཏད་པའི་མེ་མདས་རྒྱག་པའི་དོན་རྐྱེན་མང་པོ་བྱུང་།