ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་དྲུག་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཝུའུ་ཁི་ལན་དང་ཨ་མེ་རི་ཁ་གཙོ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སིའི་རྩོམ་པ་པོ། ཆབ་སྲིད་བྱ་འགུལ་བ་ཕུའུ་ལེ་ལོས་ཕིང་ལ་འཇིགས་སྐུལ་འཇབ་རྒོལ་བྱས་པ་དེར་འགན་ཁུར་དགོས་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་ནང་དུ་བཤད་རྒྱུར། ཐེངས་འདི་དང་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་གཞན་དག་ལ་འགན་ཁུར་དགོས་པའི་གྲས་སུ་ཝུའུ་ཁི་ལན་སྲིད་གཞུང་གིས་མི་ཚད་པར། ད་དུང་ཨ་མེ་རི་ཁ་གཙོ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་ཡོད། ཉིས་སྟོང་བཅུ་བཞི་ལོར་ཝུའུ་ཁི་ལན་དུ་སྲིད་འགྱུར་བྱུང་རྗེས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་དུ་ན་ཙི་རིང་ལུགས་ལ་བློ་ཁ་ཕྱོགས་པའི་ཨུ་རུ་སིར་རྒོལ་བའི་འཇར་གཞི་ལག་བསྟར་བྱེད་ཅི་ཐུབ་བྱས་ཡོད་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཐེངས་འདིའི་འཇིགས་སྐུལ་འཇབ་རྒོལ་ལ་རྒོལ་གཏམ་བ་བཏང་བ་དེ་ལས་ཨ་མེ་རི་ཁ་སྲིད་གཞུང་གི་རང་མདངས་གསལ་བོར་བསྟན་ཡོད་ཟེར།
ཚེས་དྲུག་ཉིན། ཕུའུ་ལེ་ལོས་ཕིང་བསྡད་ཡོད་པའི་རླངས་འཁོར་ཨུ་རུ་སིའི་ནོ་ཧྥུའུ་ཀི་ལོ་ཏི་སྨད་མ་མངའ་སྡེའི་གཞུང་ལང་སྟེང་དུ་འགས་གཏོར་བྱུང་བ་དང་། རླངས་འཁོར་གྱི་ཁ་ལོ་བ་དེ་མ་ཐག་རྐྱེན་ལམ་དུ་ཤོར་ཞིང་། ཕུའུ་ལེ་ལོས་ཕིང་ལ་རྨས་ཕོག
ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་བསྒྲགས་པའི་གནས་ཚུལ་ལྟར་ན། ཕུའུ་ལེ་ལོས་ཕིང་གི་རླངས་འཁོར་འགས་གཏོར་བཏང་བའི་དོགས་ཡོད་ཉེས་ཅན་གྱིས་འདྲི་གཅོད་ཀྱི་བརྒྱུད་རིམ་ཁྲོད་ཁོས་ཝུའུ་ཁི་ལན་གྱི་གསང་འཕྲིན་ལས་ཁུངས་ཀྱི་མངགས་བཅོལ་ལྟར་འཇབ་རྒོལ་བྱས་པ་ཡིན་ཞེས་ཁས་བླངས། དོགས་ཡོད་ཉེས་ཅན་དེས་ཕུའུ་ལེ་ལོས་ཕིང་གི་རླངས་འཁོར་བགྲོད་སའི་གཞུང་ལམ་སྟེང་དུ་འགད་རྫས་སྦས་ཏེ་ཐག་རིང་ནས་འགས་གཏོར་བཏང་བ་རེད།