དབྱིན་ཇི་དང་ཨེར་ལན་དུ་དྲག་རླུང་གི་འཇབ་རྒོལ་ཐེབས་ནས་འགྲིམ་འགྲུལ་ལ་བཀག་རྒྱ་ཐེབས།
2024.01.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱེ་ཧྲ་ཞེས་པའི་དྲག་རླུང་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་དབྱིན་ཇི་དང་ཨེར་ལན་གྱི་ས་ཁུལ་མང་བོར་ཆར་ཆེན་འབབ་པའི་ནམ་ཟླ་བྱུང་ནས་འགྲིམ་འགྲུལ་ལ་བཀག་རྒྱ་ཐེབས། དབྱིན་ཇིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ས་དེའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། དབྱིན་ཇིའི་སུའུ་ཀི་ལན་ས་ཁུལ་གྱི་ལྕགས་ལམ་ཞབས་ཞུ་མཚམས་ཆད་ཡོད། དབྱིན་ཇིའི་གནམ་གཤིས་བརྟགས་དཔྱད་ཅུའུ་ཡིས་དབྱིན་ཇིའི་ས་ཁུལ་མང་ཆེ་བར་རླུང་ཆེན་གཡུག་པའི་ཉེན་བརྡ་སེར་པོ་བཏང་ཡོད་ལ། དབྱིན་ཀི་ལན་དང་ཝེ་ཨར་ཧྲི་ས་ཁུལ་དུ་རླུང་འཚུབ་འབྱུང་ངེས་རེད། དེ་ལས་གཞན་དྲག་རླུང་གི་ཤུགས་རྐྱེན་དབང་གིས་ཨེར་ལན་གྱི་ཏུའུ་པའོ་ལིན་གནམ་གྲུ་ཐང་གིས་ཚེས་ཉེར་གཅིག་ཉིན་གནམ་གྲུ་གཏོང་ཐེངས་བརྒྱ་དང་བཅུ་ལྷག་གཏོང་མཚམས་བཞག་ཡོད་ལ། འགྲུལ་བ་མང་བོ་གནམ་གྲུ་ཐང་དུ་ཁགས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།